དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གིས་སྲོལ་རྒྱུན་རིག་གནས་གྲོང་ཚོ་དང་གྲོང་ལྷན་དུ་ཁྱབ་གདལ་གཏོང་བའི་དང་བླངས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སྡེ་ཚོགས་རྫོང་ཨུད་ཀྱིས་ཕུ་གསུམ་ཤང་ཉམ་སྡེ་གྲོང་ཚོར་བདེ་འཇགས་སློབ་གསོ་དང་སྲོལ་རྒྱུན་རིག་གནས་གྲོང་ཚོ་དང་གྲོང་ལྷན་དུ་ཁྱབ་གདལ་གཏོང་བའི་དང་བླངས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་མེ་ཟོན་དང་། གློག་ཟོན། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས། སྲོལ་རྒྱུན་རིག་གནས། གནའ་བོའི་གསུང་རབ་སོགས་ནང་དོན་ལ་དམིགས་ནས་གཞོན་ནུ་ལོ་ཆུང་གི་བདེ་འཇགས་རང་སྲུང་དང་སྲོལ་རྒྱུན་རིག་གནས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་དང་བྱིས་པར་དགུན་གསེང་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་དོ་སྣང་བྱེད་དགོས་པའི་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་བཅའ་ཁྲིམས་དང་། བདེ་འཇགས། བདེ་ཐང་འཕྲོད་བསྟེན་བཅས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ་གཞོན་ནུ་ལོ་ཆུང་ཚོས་འཚོ་བའི་ཁྲོད་ཀྱི་བདེ་འཇགས་རྒྱུན་ཤེས་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ནས་རང་ངོས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་དང་བདེ་འཇགས་རང་སྲུང་གི་འཇོན་ཐང་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།