དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • 2024ལོའི་ལྗོངས་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    ཉེ་དུས། 2024ལོའི་ལྗོངས་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་དམག་བསྡུའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་2023ལོའི་དམག་བསྡུའི་ལས་དོན་སྤེལ་ཚུལ་ཕྱོགས་སྡོམ་བྱས་པ་དང་འབྲེལ། 2024ལོའི་དམག་བསྡུའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་དང་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཀྲོའུ་ཀྲི་ཀང་ཚོཌ་འདུར་ཞུཌ་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བོད་དམག་ཁུལ་ཁང་གི་ཚན་མོའུ་ཀྲང་ལི་ཧྲི་ཀྲུང་གིས་ཚོཌ་འདུ་གཙོ་སྐྱོང་གནང་བ་རེད། བོད་དམག་ཁུལ་ཁང་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་གཞོན་པ་ཧྲི་ཞའོ་ཧྥུང་ཚོཌ་འདུར་ཞུཌ་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་དམག་བསྡུའི་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་དམག་དཔུང་ལ་དམག་མི་རྩེ་གྲ་དེ་བས་མང་པོ་བསྡུ་དགོས། མཐུན་སྒྲིལ་རོགས་ལས་ལ་མཐོང་ཆེན་བྱེད་པ་དང་སྤྱི་ཡོངས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་། དཔུང་ཁག་འཛུགས་སྐྱོང་ལས་གནས་དང་མི་སྣར་ཁྱབ་པ། མཐུན་སྦྱོར་མཉམ་འགུལ་བཅས་བྱེད་དགོས། ཕུགས་ཕན་བཅོས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་གསོག་འཇོག་བྱེད་པ་དང་། ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྐུལ་ལྕག་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་ལོ་འཁོར་གྱི་དམག་བསྡུའི་ལས་འགན་ལེགས་སྒྲུབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།