དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས་ཁོངས་གཏོགས་ཁུལ་གྱི་དགོན་སྡེའི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

     དགུན་དཔྱིད་ནམ་དུས་གཉིས་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གང་སར་ཁྱབ་པར་བྱས་ནས་ཁོངས་གཏོགས་ཁུལ་གྱི་དགོན་སྡེའི་མེ་ཟོན་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་རིག་གནས་ཡུལ་སྐོར་ཅུས་དང་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་དགོན་སྡེའི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་ཆེན་པོ་བྱས་པ་རེད།

    ཁོངས་གཏོགས་ཁུལ་གྱི་དགོན་སྡེའི་མེ་ཐུབ་རིམ་པ་དམའ་བ་དང་། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་དུ་གནས་ཤིང་གྲོང་ཁུལ་དང་ལམ་ཐག་རིང་བ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཞིབ་བཤེར་མི་སྣས་དགོན་སྡེའི་མཐའ་འཁོར་གྱི་ཁོར་ཡུག་དང་། འཚོ་བའི་མེ་སྤྱོད་དང་གློག་སྤྱོད། ལས་རེས་མི་སྣས་ལས་གནས་ཀྱི་འགན་འཁྲི་སྒྲུབ་ཚུལ་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས། དགོན་སྡེའི་ནང་གི་མེ་ཁུངས་དང་གློག་ཁུངས་དོ་དམ་བེད་སྤྱོད་གནས་ཚུལ་ཤེས་རྟོགས་བྱས་ནས་མེ་ཟོན་ས་ཚིགས་ཆུང་ངུར་ཡོ་ཆས་སྒྲིག་སྦྱོར་བྱས་ཡོད་མེད་དང་མེ་གསོད་ཡོ་ཆས་སོགས་མེ་ཟོན་སྒྲིག་ཆས་ཆ་ཚང་མིན་དང་གོ་ཆོད་མིན་དང་། ཁ་འགྲེམ་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་ཐོགས་མེད་ཤར་སྐྱོད་ཐུབ་མིན་ལ་ས་ཆ་དངོས་ནས་ཞིབ་བཤེར་བྱས་ཡོད། དེ་དང་ཆབས་ཅིག ས་གནས་ས་ཐོག་གི་ལས་དོན་པར་མེ་ཟོན་ཡོ་ཆས་སྤྱོད་སྟངས་དམར་ཁྲིད་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་སེལ་ཐུབ་པར་འགན་ལེན་བྱས་པ་རེད།

    ད་ཐེངས་ཞིབ་བཤེར་བརྒྱུད། དགོན་སྡེའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས་དགོན་སྡེའི་འབྲེལ་ཡོད་འགན་འཁུར་བའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་མེ་སྐྱོན་སྔོན་འགོག་གི་ནུས་པ་ཆེ་རུ་ཕྱིན་ཡོད་པས། དེས་དགོན་སྡེའི་མེ་ཟོན་བདེ་འཇགས་ལ་འགན་ལེན་བྱས་པ་དང་ཆབས་ཅིག རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཀྱང་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།