དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ནག་ཆུ་དམག་ཁུལ་ཡན་ལག་ཁང་གིས་ལོ་གསར་པའི་དམག་སྦྱོང་ཐེངས་དང་པོ་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    ས་བབ་མཐོ་ཚད་སྨི་4500ཟིན་པའི་བོད་བྱང་ཐང་དུ་བཅའ་སྡོད་བོད་དམག་ཁུལ་ཁང་ནག་ཆུ་དམག་ཁུལ་ཡན་ལག་ཁང་གིས་ལོ་གསར་པའི་དམག་སྦྱོང་ཐེངས་དང་པོ་བྱེད་འགོ་ཚུགས་པ་རེད།

    དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20མན་གྱི་ས་མཐོར་འཐབ་རྩལ་སྣ་ཚོགས་ནང་སྦྱོང་དང་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་སྦྱོང་བརྡར་སོགས་དངོས་འཐབ་ནང་སྦྱོང་མང་པོ་ཞིག་བྱེད་འགོ་ཚུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་དཔར་མའི་སྐམ་དམག་གི《དམག་སྡོད་ས་སློག་ཡན་ལག་རུ་ཁག་གི་དམག་དོན་སྦྱོང་བརྡར་རྩ་འཛིན》བཀྲམ་པ་ནས་བཟུང་ནག་ཆུ་དམག་ཁུལ་ཡན་ལག་ཁང་གིས་སློབ་སྦྱོང་གི་རྩ་གནད་ལ་ཞིབ་འཇུག་ཟམ་མི་ཆད་པར་བྱས་ནས་འགག་རྩའི་ལྷུ་ཚིགས་ཐད་གཙོ་གནད་ལ་ཤུགས་སྣོན་དང་གནད་སྨིན་ཤུགས་འདོན་ལ་སྣང་ཆེན་བྱས་ཏེ། སྦྱོང་བརྡར་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། “ས་བབ་མཐོ་བར་གནས་ཚད་དེ་བས་མཐོ་བའི”དཀའ་སྤྱད་ཀྱི་སྙིང་སྟོབས་དེ་ལག་ལེན་དངོས་ནང་དོན་འཁྱོལ་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།