དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཉེན་དམངས་འབྲེལ་བ་ཟབ། མཉམ་དུ་བདེ་འཇགས་སྲུང་།

    གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་བཞི་པར་ཉེན་རྟོག་པའི་དར་ཆ་སྒྲེང་བའི་མཛད་སྒོ་འཚོགས་པ།

    གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཉེན་རྟོག་སྒར་ས་སྒོ་དབྱེའི་ཉིན་མོའི་བྱེད་སྒོར་ཉེན་རྟོག་པའི་གོ་མཚོན་ངོ་སྤྲོད་བྱེད་བཞིན་པ།

    ཉེན་རྟོག་སྒར་ས་སྒོ་དབྱེའི་ཉིན་མོའི་བྱེད་སྒོར་མི་དམངས་ཉེན་རྟོག་པའི་མཛུབ་ཁྲིད་འོག་མང་ཚོགས་ཀྱིས་ཉེན་རྟོག་པའི་གོ་མཚོན་ཉམས་ལེན་བྱེད་བཞིན་པ།

    གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་ལས་གོས་ལེགས་པར་གྱོན་ཏེ་གུས་འདུད་ཞུ་བཞིན་པ།

    མི་དམངས་ཉེན་རྟོག་པས་མང་ཚོགས་ལ་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་དུག་འགོག་སློབ་གསོའི་རྟེན་གཞིའི་འབྲེལ་ཡོད་ནང་དོན་ངོ་སྤྲོད་བྱེད་བཞིན་པ།

    མི་དམངས་ཉེན་རྟོག་པའི་གོ་རྟགས་སྤོར་བའི་མཛད་སྒོར་ཆབ་སྲིད་ཨུ་ཡོན་བློ་མཐུན་ཕུར་བུ་ཚེ་རིང་གིས་ཚང་མའི་སྣེ་ཁྲིད་དེ་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།

    ཉེ་ཆར། གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

    “རླབས་ཆེན་མེས་རྒྱལ་གྱིས་ང་ལ་ལས་འགན་ལྕི་པོ་དཀྲིས་པ་དང་། བསྐྱར་དར་མི་རིགས་ཀྱིས་ང་ལ་སྟོབས་ཤུགས་ཚད་མེད་སྦྱིན་བྱུང”ཞེས་པའི་མི་དམངས་ཉེན་རྟོག་པའི་གླུ་དབྱངས་ལྷང་ལྷང་དུ་གྲགས་པ་དང་བསྟུན་ནས་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་དད་གུས་ཀྱི་མིག་ཟུང་དལ་བུར་སྒྲེང་བཞིན་པའི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆར་ཕྱོགས།

    “ཉེན་རྟོག་པའི་དུས་ཆེན་སྐབས་སུ་མི་དམངས་ཉེན་རྟོག་པའི་གོ་རྟགས་སྤོར་བའི་མཛད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་མཛད་སྒོ་འཚོགས་རྗེས་ཉེན་རྟོག་པའི་དམ་བཅའ་བསྐྱར་དྲན་བྱས་པ་དང་དམ་བཅའ་བརྟན་པོར་བཞག་པ་དེ་ཐོག་ནས་མི་དམངས་ཉེན་རྟོག་པས་ཏང་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་དང་དགའ་ཞེན་ཚད་མེད་བྱེད་ལུགས་མཚོན་ཡོད། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱེད་པའི་བསམ་བློ་བརྟན་པོར་འཛུགས་པ། ཉེན་རྟོག་པའི་ཐོག་མའི་བསམ་འདུན་མི་བརྗེད་པ། ཉེན་རྟོག་པའི་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།