དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ང་ཚོས་དཔྱིད་གསར་སྐྱེལ་འདྲེན་གྱི་གྲ་སྒྲིག་ཨང་གསར་བྱས་ཟིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    ལྕགས་ལམ་སྡེ་ཚན་གྱིས་ཟླ་1ཚེས་26ཉིན་འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཀྲུང་གོ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཧོ་ནན་གྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ལེགས་ཆ་གང་ལེགས་བཏོན་ནས། སྐྱེལ་འདྲེན་གྱི་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་དང་། “ཉིན་རེར་འཆར་གཞི་རེ”ལག་བསྟར་གནད་སྨིན། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་འགྲུལ་བཞུད་ཆེ་ཁག་ཏུ་མེ་འཁོར་གཏོང་ཚད་མང་དུ་གཏོང་བ་བཅས་བྱས་ཏེ། འགྲུལ་པ་ཕྱིར་སྐྱོད་ཀྱི་དགོས་མཁོ་གང་ལེགས་བསྐངས་ཡོད།

    ཀྲེང་ཀྲོའུ་ཤར་ཚུགས་ནས་ཉིན་རེར་མྱུར་བགྲོད་ལྕགས་ལམ་ཐེངས་1059གཏོང་བ་དང་། ཆ་སྙོམས་སྐར་མ་1.35རེར་མེ་འཁོར་རེ་དེ་ནས་ཐོན་གྱི་ཡོད། འགྲོ་སྐྱོད་མང་བའི་དུས་སུ་སྐར་ཆ་60རེར་འགྲུལ་པ་340ལྷག་ཙམ་དེ་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཐོན་གྱི་ཡོད།

    འདི་ནི་ཤུགས་འགྲེམས་མེ་འཁོར་ཁག་འཁོར་ལམ་དུ་གྲལ་འགྲིག་པོར་བཞག་ཡོད་པ།

     འདི་ནི་དཔྱིད་གསར་སྐྱེལ་འདྲེན་གྱི་སྔ་ནུབ་ཏུ་ཝུའུ་ཧན་ཤུགས་འགྲེམས་མེ་འཁོར་གྱི་བཟོ་བཀོད་པས་ཤུགས་འགྲེམས་མེ་འཁོར་ལ་དྲོད་སྲུང་ལས་དོན་སྤེལ་ནས་བདེ་བླག་ངང་ཐོན་ཐུབ་པའི་འགན་ལེན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།