དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཡོངས་གཅིག་གྱུར་གྱི་གློག་རྡུལ་ཁྲལ་དོན་ཅུས་གསར་པ་འདི་ལོར་རྒྱ་སྐྱེད་ངང་དྲ་ཐོག་ཏུ་འཁོར་རྒྱུག་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་བསྡུའི་དོ་དམ་གྱི་སྒྱུར་བཅོས་2024ལོར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཕྱོགས་ཡོངས་ནས་གྲངས་འཛིན་ཅན་གྱི་གློག་རྡུལ་སྤ་སེ་ཁྱབ་གདལ་བཀོལ་སྤྱོད་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་གློག་རྡུལ་ཁྲལ་དོན་ཅུས་གསར་པ་རྒྱ་སྐྱེད་ངང་དྲ་ཐོག་ཏུ་འཁོར་རྒྱུག་བྱེད་པ། ཁྲལ་བསྡུའི་གྲངས་གཞི་ཆེན་པོའི་བཀོལ་སྤྱོད་གཏིང་ཟབ་དང་རྒྱ་ཆེར་གཏོང་བ། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་རེད།

    འདི་ནི་གསར་འགོད་པར་ཚེས་24དང་25ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཁྲལ་དོན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

    རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་2023ལོར་ཐོག་མཐའ་བར་གསུམ་དུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲལ་བསྡུའི་ཡོང་འབབ་ཀྱི་རྩ་དོན་ལ་གཡོ་འགུལ་མི་གཏོང་བར་ཁྲལ་གྲོན་མཐོ་མི་དྲགས་པའི་མཐའ་ཚད་བརྟན་པོ་བསྲུངས་ཏེ། ལོ་འཁོར་མོར་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་31.7བསྡུས་པར་རྒྱལ་ཁབ་ཀྱི་ནོར་ཤུགས་རྨང་གཞི་མུ་མཐུད་བརྟན་དུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།