དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ནོར་སྲིད་པུས་བྱ་ཐབས་ཁག་14བཏོན་ནས་ནང་སོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། ནོར་སྲིད་པུས《〈ནང་སོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར〉དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་ལ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)དངོས་སུ་བཀྲམ་ཞིང་། 《ལག་བསྟར་བསམ་འཆར》དེ་ནི་ནོར་སྲིད་པུས་ཆེད་མངགས་ནང་སོག་གི་དོན་དངོས་ལ་གཞིགས་ནས་བཟོས་པའི་ལེ་ལག་ཚང་བའི་རྒྱབ་སྐྱོར་སྲིད་ཇུས་ཤིག་རེད་ལ། སྲིད་ཇུས་དང་མ་དངུལ་སོགས་ཕྱོགས་མང་པོའི་ཐད་ནས་ནང་སོག་གི་ཁྱབ་ཁོངས་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་ཞིག་ཀྱང་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་བསྟར་བསམ་འཆར》ནང་བྱ་གཞག་ཁག་ཚང་མར་མ་དངུལ་གྱི་ཡོང་ཁུངས་ཡོད་པ་དེས་མ་དངུལ་སྣ་ཚོགས་བགོ་བའི་ཐད་ནང་སོག་ལ་ཕྱོགས་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ལ། ནང་སོག་ལ་མ་དངུལ་སྒྱུར་སྤྲོད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱ་ཆེད་འདེགས་སྐྱོར་ནུས་ལྡན་ཡང་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག 《ལག་བསྟར་བསམ་འཆར》ནང་སྐྱེ་ཁམས་ཀྱི་བདེ་འཇགས་དང་། ནུས་རྒྱུའི་ཐོན་ཁུངས། ཐོན་ལས་གསར་གཏོད། ཞིང་ལས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།

    《ལག་བསྟར་བསམ་འཆར》ནང་ཕྱོགས་6གི་ཐད་ནས་ཞིབ་ཕྲའི་བྱ་ཐབས་དོན་ཚན་ཁག་14བཟོས་པའི་ནང་། ནང་སོག་རང་སྐྱོང་ལྗོངས་ཀྱི་ནོར་ཤུགས་ཀྱི་འགན་སྲུང་ནུས་པ་དང་ཉེན་ཁ་འགོག་ཟོན་གྱི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་དང་། “བྱང་གསུམ”འདུ་འགོད་དང“མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་པར་རྒྱབ་སྐྱོར། གསར་གཏོད་ལས་སྟེགས་དང་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར། ཟོག་འགྲེམས་ལས་རིགས་དང་རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར། ཐོན་ཁུངས་དང་ནུས་རྒྱུ་མཁོ་སྤྲོད་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར། ཞིང་ལས་སྒྲིག་ཆས་དང་ཆུའི་ཐོན་ཁུངས་ཀྱི་འགན་སྲུང་ནུས་པར་རྒྱབ་སྐྱོར། མཐའ་དར་མཐའ་བརྟན་སོགས་ལ་རྒྱབ་སྐྱོར་བྱེད་པ་བཅས་ཚུད་ཡོད།

    གོམ་སྟབས་རྗེས་མར། ནང་སོག་རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་གྱིས་ནོར་སྲིད་པུའི་ལེ་ལག་ཚང་བའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱས་ནས། དམིགས་ཚད་ལས་འགན་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། ལས་འགན་ཁག་བགོས་ཁ་གསལ་བཟོ་བ། རིམ་པ་ཁག་གི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ། སྲིད་ཇུས“ཤོག་ཐོག”ནས་ལག་ལེན་ལ་དངོས་སུ་འཁྱོལ་བར་བྱས་ནས་ནང་སོག་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནོར་ཤུགས་ཀྱི་འགན་སྲུང་བརྟན་པོ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།