ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་སྤྲོད་གྲ་སྒྲིག་ཚད་དམའ་རུ་གཏོང་བའི་གཏན་འབེབས་བྱས་པ།
དཔལ་འབྱོར་སླར་གསོ་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་བརྟན་དུ་དང་ཟབ་ཏུ་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་གིས་གཏན་འབེབས་བྱས་དོན། 2024ལོའི་ཟླ་2ཚེས་5ཉིན་ནས་བཟུང་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་སྤྲོད་གྲ་སྒྲིག་ཚད་བརྒྱ་ཆའི་གྲངས་0.5(བཅོལ་དངུལ་སྤྲོད་གྲ་སྒྲིག་ཚད་5%ལག་བསྟར་བྱས་ཟིན་པའི་དངུལ་རྩའི་སྒྲིག་གཞི་ཚུད་མེད་པ)དམའ་རུ་གཏོང་རྒྱུ་དང་། ད་ཐེངས་ཚད་གཞི་དམའ་རུ་བཏང་རྗེས་དངུལ་རྩའི་སྒྲིག་གཞིའི་རྩིས་བསྐོར་ཆ་སྙོམས་བཅོལ་དངུལ་སྤྲོད་གྲ་སྒྲིག་ཚད་7.0%ཙམ་ཟིན་རྒྱུ་རེད། གཞན་ཡང་། 2024ལོའི་ཟླ་1ཚེས་25ཉིན་ནས་བཟུང་ཞིང་སྐྱོར་གྱི་དངུལ་བུན་ཡང་བསྐྱར་ལེན་པ་དང་། ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་གྱི་དངུལ་བུན་ཡང་བསྐྱར་ལེན་པ། དངུལ་ཁང་གིས་བུ་ལོན་ལེན་པ་བཅས་ཀྱི་སྐྱེད་ཚད་སོ་སོར་བརྒྱ་ཆའི་གྲངས་0.25དམའ་རུ་གཏོང་རྒྱུ་རེད།