གངས་ལྗོངས་ས་མཐོ་ནས་ཐོན་ཏེ་དཔྱིད་གསར་དུས་ཆེན་གཏོང་བར་ལོག་པ།
ཉེ་ཆར། བོད་ལྗོངས་ཆུས་རྫོང་ཚོང་ཚོགས་ཀྱིས“གཅེས་སེམས་མཉམ་དུ་འགྲོགས། ཕ་ཡུལ་དུ་མཉམ་དུ་ལོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་དུ་ཡོད་པའི་ཐེམ་ཁུངས་ཆུས་རྫོང་གི་ཕ་ཡུལ་གཅིག་པ་བ་2024ལོའི་དཔྱིད་གསར་དུས་ཆེན་གཏོང་བར་ལོག་པར་དགའ་སྐྱེལ་ཞུ་བའི་བྱེད་སྒོ་སྤེལ་ནས། ཉིན་དེའི་ཉལ་ཁྲི་དཀྱུས་མའི་འཁོར་སྒྲོམ་ནང་གི་བོད་དུ་ཡོད་པའི་ཐེམ་ཁུངས་ཆུས་རྫོང་ནས་ཡིན་པའི་ཕ་ཡུལ་གཅིག་པ་བ་ལོ་གསར་གཏོང་བར་ལོག་པར་དགའ་སྐྱེལ་ཞུས་པ་རེད།
པར་འདི་གཉིས་ནི་ཆུས་རྫོང་ཚོང་ཚོགས་ཀྱི་མཐུན་སྦྱོར་སྒྲིག་འཛུགས་འོག བོད་དུ་ཡོད་པའི་ཐེམ་ཁུངས་ཆུས་རྫོང་ནས་ཡིན་པའི་ཕ་ཡུལ་གཅིག་པ་བས་མེ་འཁོར་ནང་གོ་རིམ་ལྡན་པའི་ངང་འཛུལ་བཞིན་པ།