དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དཔལ་མགོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ཆེད་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ཀྱི་དྲིལ་བསྒྲགས་ལས་དོན་ལ་སྔར་བས་ཤུགས་བརྒྱབ་སྟེ། སྲིད་འཛིན་བསྐྱར་གྲོས་ལ་བརྟེན་ནས་སྲིད་འཛིན་རྩོད་གཞི་སེལ་བའི་ཐབས་ལམ་གཙོ་བོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། དཔལ་མགོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་གཏོགས་ཁོངས་ཁུལ་གྱི་ཤང་དང་གྲོང་རྡལ་10རུ་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ཆེད་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་ལས་དོན་པས་འཕྲེད་ཡིག་འགེལ་བ་དང་། དྲིལ་བསྒྲགས་ལས་སྟེགས་འཛུགས་པ། དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ། གྱོད་དཔེ་འགྲེལ་བཤད་རྒྱག་པ། ས་གནས་ས་ཐོག་ཏུ་བཅའ་ཁྲིམས་བློ་འདྲི་སོགས་ཀྱི་བྱེད་སྟངས་བརྒྱུད། ལས་བྱེད་པ་དང་མང་ཚོགས་ལ་སྲིད་འཛིན་བསྐྱར་གྲོས་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཁོང་ཚོའི་དོགས་གནད་བསལ་བ་དང་ཆབས་ཅིག གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ཀྱི་བཀྲག་མདངས་འཚེར་ས་དང་འགྱུར་ལྡོག་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ནས། ལས་བྱེད་པ་དང་མང་ཚོགས་ཚོར་སྲིད་འཛིན་བསྐྱར་གྲོས་ཤེས་རྟོགས་དང་བསྐྱར་གྲོས་ཐབས་ལམ་བརྒྱུད་ཞུ་རེ་མཚོན་པ་དང་སྲིད་འཛིན་རྩོད་གཞི་ཐག་གཅོད་བྱེད་དགོས་པའི་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་ཐོག་སྲིད་འཛིན་བསྐྱར་གྲོས་ཤེས་མཁན་མང་དུ་བཏང་བ་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་རིང་སྒྲོག་འགྲེལ་ཐེངས་10བྱས་པ་དང་། འཕྲེད་ཡིག་10བཀལ་བ། དྲིལ་བསྒྲགས་དཔྱད་གཞི་1200ལྷག་ཙམ་སྤྲད་པ། དྲིལ་བསྒྲགས་དངོས་པོ་800ལྷག་ཙམ་སྤྲད་པ། ས་གནས་ས་ཐོག་ཏུ་མི་200ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲིར་ལན་བཏབ་པ་རེད།

    ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད། དཔལ་མགོན་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ལ་ཤེས་རྟོགས་ཡོང་ཚད་སྔར་བས་ཟབ་ཏུ་ཕྱིན་ནས། བཀོལ་སྤྱོད་ནུས་པ་ཆེ་རུ་དང་བཅའ་ཁྲིམས་བྱང་ཚད་མཐོ་རུ་ཏན་ཏིག་ཕྱིན་ཏེ། སླད་ཕྱིན་ཁྲིམས་སྒྱུར་ལས་དོན་སྔར་བས་ཡག་པོ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།