དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་ས་ཐེན་ཧའེ་མཚན་ཁྲོམ་གྱི་བཟའ་བཏུང་གཉེར་སྐྱོང་ཁུལ་དུ་སོལ་རླངས་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཐེན་ཧའེ་མཚན་ཁྲོམ་གྱི“བཟའ་བཏུང་གཉེར་སྐྱོང་ཁུལ་དུ་སོལ་རླངས་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་གསོ་སྦྱོང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ལྷ་ས་གྲོང་ཁྱེར་གངས་རི་སོལ་རླངས་ཀུང་སིའི་ཆེད་ལས་ལག་རྩལ་པ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་གསལ་འགྲེལ་དང་། མེ་ཟོན་ལྟ་སྐུལ་ལས་བྱེད་པས་ཚོང་དུད་ཁག་ཏུ་བསྐྱོད་ནས་གྲལ་བཤེར་བྱས་པ་དང་། དེ་བཞིན་དྲིལ་བསྒྲགས་དཔྱད་ཡིག་དང་དྲན་རྟེན་དངོས་པོ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སོལ་རླངས་ཁྱབ་ཁོངས་ཀྱི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་གངས་རི་སོལ་རླངས་ཀུང་སིའི་ཆེད་ལས་ལག་རྩལ་པས་ཐེན་ཧའེ་མཚན་ཁྲོམ་གྱི་འབྲེལ་ཡོད་འགན་འཁུར་བ་དང་བཟའ་བཏུང་གཉེར་སྐྱོང་ཁུལ་གྱི་ལས་མིར་སོལ་རླངས་སྒྲིག་ཆས་ཞིབ་དཔྱད་ཚད་ལེན་དང་། བེད་སྤྱོད་ཀྱི་རྒྱུན་ཤེས། དོ་སྣང་བྱེད་དགོས་པའི་དོན་གནད་བཅས་དང་དེ་བཞིན་སོལ་རླངས་ཤོར་སྐབས་ཐག་གཅོད་ཡང་དག་བྱེད་ཐབས་སོགས་ཀྱི་ཤེས་བྱ་བསླབས་པ་དང་། སོལ་རླངས་ཡོ་བྱད་ཀྱི་ལྷུ་ལག་དང་། ཐོན་རྫས་དབྱེ་འབྱེད་བྱེད་ཐབས། བདེ་འཇགས་ངང་བེད་སྤྱོད་བྱེད་སྟངས་བཅས་བསླབས་པ་རེད། དྲི་བར་ལན་འདེབས་པའི་རྣམ་པར་བརྟེན་ནས་བཟའ་བཏུང་གཉེར་སྐྱོང་ཁུལ་གྱི་ལས་མི་དང་སྤེལ་རེས་བྱས་ཏེ། རྒྱུན་གཏན་འཚོ་བའི་ནང་སོལ་རླངས་བེད་སྤྱོད་བྱེད་པ་དང་། ཉོ་སྒྲུབ་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད། སོལ་རླངས་དབུགས་རིལ་བདེ་འཇགས་ངང་བེད་སྤྱོད་དང་ཐག་གཅོད་བྱེད་པའི་བརྒྱུད་རིམ་སོགས་ཀྱི་གནད་དོན་ལ་ལན་ཞིབ་ཕྲ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།