དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཤན་རྩ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ལྕགས་ཤོག་ཁང་པ་སྒྲིག་འགལ་ངང་བརྒྱབ་པར་ཨར་སྐྲུན་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    ཉེ་ཆར། ཤན་རྩ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལྡན་པའི་ཚན་པ་ཞིག་ལ་ཚོན་ལྕགས་ཤོག་ཁང་པ་སྒྲིག་འགལ་ངང་བརྒྱབ་པར་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་མི་སྣས་དུས་འགོའི་ཞིབ་བཤེར་བྱེད་སྐབས་ཁོངས་གཏོགས་ཁུལ་གྱི་ལས་ཡུལ་ཞིག་གི་ལས་བཟོ་ཚོའི་གནས་སྐབས་ཉལ་ཁང་དུ་འགྱིག་སོབ་བཅུག་པའི་ལྕགས་ཤོག་ཁང་པའི་མེ་འགོག་ནུས་པ་ཧ་ཅང་ཞན་པས་གལ་སྲིད་མེ་འབར་ཚེ་མཆེད་མགྱོགས་པའི་ཁར་དྲི་མ་ངན་ལ་དུག་ཤེད་ཆེ་བས་དུས་ཐུང་ནང་ཁང་པ་རྡིབ་པ་དང་མེ་སྐྱོན་ཐོན་ཉེན་ཆེན་པོ་ཡོད། གནས་དེའི་མེ་ཟོན་བདེ་འཇགས་འགན་ལེན་བྱ་ཆེད། རུ་ཆེན་གྱིས་དུས་ཐོག་ཏུ་ཚན་པ་དེའི་འབྲེལ་ཡོད་མི་སྣར་སློབ་གསོ་བརྒྱབ་ནས་ཁོང་ཚོར་ལྕགས་ཤོག་ཁང་པར་གནས་པའི་མེ་སྐྱོན་གྱི་ཉེན་ཁའི་རང་བཞིན་དང་དེ་བཞིན་མེ་སྐྱོན་ལས་བྱུང་བའི་གནོད་འཚེའི་མཇུག་འབྲས་ཚབས་ཆེན་ཤེས་རྟོགས་ཐུབ་པར་བྱས་ཏེ་ཚན་པ་དེར་འགྱིག་སོབ་བཅུག་པའི་ལྕགས་ཤོག་ཁང་པ་བཤིག་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    ཤན་རྩ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། ཁྲིམས་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཞིབ་བཤེར་ནན་པོ་བྱེད་པ་དང་ཆད་པ་ནན་པོ་གཅོད་པའི་དམ་བསྒྲགས་རྣམ་པ་སྤྱད་ནས་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དག་ཐེར་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་དང་། མེ་ཟོན་བདེ་འཇགས་ཀྱི་ཆ་རྐྱེན་འཛོམས་མེད་པ་དང་། སྤྱི་པའི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བ། མང་ཚོགས་འཆི་རྨས་ཡོང་སླ་བ་བཅས་ལ་ཁྲིམས་ལྟར་སྒོ་ཐེལ་རྒྱག་ངེས་རེད། བཅའ་ཁྲིམས་ཀྱི་བྱེད་ཐབས་དང་སྲིད་འཛིན་གྱི་བྱེད་ཐབས་གང་ལེགས་སྤྱད་དེ་དུས་ཐོག་ཏུ་དག་ཐེར་གྲོས་འགོ་འདོན་པ་དང་མེ་ཟོན་བདེ་འཇགས་ལ་ལྟ་འདོམས་དང་། ཞབས་འདེགས། ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་མེ་ཟོན་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་གཏོད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།