དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • “གྱོད་གཞི་རྐྱང་པ་ལྟ་སྐུལ་བྱེད་པ”ནས“རིགས་གཅིག་པའི་གྱོད་གཞིར་ལྟ་སྐུལ”བྱེད་པའི་བར་སྣུར་སྲིང་བྱས་པ།

    ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    འདི་ལོ་ཚུན་ལྷོ་ཁའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་ཆད་གཅོད་པ་དང་བཅོས་སྐྱོང་གལ་ཆེ་མཉམ་དུ་འཛིན་པའི་ཁྲིམས་འཛིན་འདུ་ཤེས་བཅངས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། མཐར་ཐུག་གི་དམིགས་ཡུལ་ལ་ཕྱོགས་ནས་ཤུགས་སྣོན་རྒྱག་པ། རང་འགུལ་འགན་སྒྲུབ་བཅས་མཐའ་འཁྱོངས་ཀྱིས་ལྟ་སྐུལ་ལས་དོན་སྒྲུབ་པ་དང་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་སྒྱུར་ལས་དོན་མཉམ་འདྲེས་ནུས་ལྡན་ཐུབ་པར་སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཀྱི་སྔོན་ལ་གཞི་རིམ་གྱི་ཞིབ་དཔྱོད་ཁང་ཡོངས་སུ་སྡེ་ཁུལ་གྱི་ཡོ་བསྲང་ཞིབ་དཔྱོད་དཔོན་གཞུང་ལས་ཁང་ཁྱབ་པར་བྱས་པ་དང་། སྤྱི་བདེ་དང་ཁྲིམས་འཛིན་སོགས་རིགས་ཁག་གི་གྲངས་གཞི་ཕན་ཚུན་གྱི་ཁྲིམས་འཛིན་གྱི་གཏན་ཚིགས་ལ་ཕྱོགས་ཡོངས་ནས་དབྱི་ཞིབ་གཏིང་ཟབ་བྱེད་པ། སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་གྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་བསྡུས་འགན་སྒྲུབ་ཀྱི་ལག་བསྟར་ལྟ་སྐུལ་ལས་དོན་གྱི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྡེ་ཁུལ་གྱི་ཡོ་བསྲང་ཞིབ་དཔྱོད་དཔོན་གཞུང་ལས་ཁང་གི་ལས་སྟེགས་ཕྱོགས་ཡོངས་ལ་ཁྱབ་ཚུན། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་ཞིབ་དཔྱོད་ལྟ་སྐུལ་ཐེངས་110བྱས་པ་དང་། སྒོ་རྩར་བསྐྱོད་ནས་མི་ཐེངས་120ལ་སློབ་གསོ་བརྒྱབ་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་15བྱས་པ། ཡིག་ཁུག་གི་རྩིས་དེབ་220བལྟས་པ་བཅས་བྱས་ཡོད།

    “སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ལ་ཕྱོགས་པའི་སློབ་གསོ་ཡོ་བསྲང་གི་སྤུས་ཚད་མཐོ་རུ་གཏོང་བ་དེས། སླར་ཡང་ཉེས་པ་གསོག་རྒྱུ་སྔོན་འགོག་དང་ཉུང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད” ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ལིའུ་ཧྥ་ལིན་གྱིས་དུས་རབས་གསར་པའི་སྡེ་ཁུལ་ཡོ་བསྲང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་བས་ལྷོ་ཁ་ཞིབ་དཔྱོད་ལས་ཁུངས་ཀྱིས“གཉིས་ཕན་དང་། མང་ཕན། མཉམ་ཕན”བཅས་ཀྱི་ལྟ་སྐུལ་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྡེ་ཁུལ་གྱི་ཡོ་བསྲང་ཞིབ་དཔྱོད་དཔོན་གཞུང་ལས་ཁང་གི་ལས་སྟེགས་ལ་བརྟེན་ནས་དེ་བས་མཐོ་བའི་ཆབ་སྲིད་ཀྱི་ཚུགས་གནས་དང་དེ་བས་ཆེ་བའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གསར་འབྱེད་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། ཁྲིམས་ཁང་དང་། སྤྱི་བདེ། ཁྲིམས་འཛིན་བཅས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིས་ཁྲིམས་གཏན་ཁེལ་བའི་འགན་འཁྲི་ཡག་པོ་བསྒྲུབས་ནས། སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་དེ་བས་ལེགས་པའི་སྒོ་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།