དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།་གྲོང་དོན་ལྟ་སྐུལ་གྱི་དཀའ་གནད་སེལ་བའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    “2023ལོ་ནས་བཟུང་བུ་ཆུ་ཤང་གི་གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ལྷན་གྱིས་འགན་འཁྲི་དང་ལས་འགན་སྔར་བས་ཁ་གསལ་བཟོས་ནས་ལྟ་སྐུལ་བྱེད་མི་ནུས་པ་དང་། ལྟ་སྐུལ་བྱེད་མི་ཐུབ་པ། ལྟ་སྐུལ་བྱེད་མི་འདོད་པ་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་བྱས་པ་སོགས”ཤང་དང་གྲོང་ཚོ་རིམ་གཉིས་ཀྱི་ལྟ་སྐུལ་ནུས་ལྡན་འཚོལ་ཞིབ་དང་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི“མཐའ་མའི་འགག་གནད”སེལ་ཆེད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བྱ་ཐབས་ནུས་ལྡན་སྤྱད་ནས་གྲོང་དོན་ལྟ་སྐུལ་གྱི་དཀའ་གནད་སེལ་བའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

    2022ལོ་ནས་བཟུང་། བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བུ་ཆུ་ཤང་དུ“ཤང་སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ་+གྲོང་དོན་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ”གྱི་མཉམ་ལས་ཡུག་འབྲེལ་ལྟ་སྐུལ་བྱས་པ་དང་། གྲོང་ཚོ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་10མཉམ་ལས་ཁུལ་3ལ་དབྱེ་ནས“གྲོང་ཚོ་ཁག་གི་མཉམ་ལས་ལྟ་སྐུལ་ཞིབ་བཤེར་+ཡུག་ཁུལ་གསུམ་སྣོལ་མར་ཞིབ་བཤེར”གྱི་བྱེད་ཐབས་སྤྱད་དེ། གྲོང་ཚོ་ཁག་དང་ཁྱབ་ཁོངས་ཁག་གི་གྲོང་དོན་ལས་དོན་སྤེལ་ཚུལ་ཕྱོགས་ཡོངས་ལ་ཁྱབ་པའི་དྲ་རྒྱའི་ལྟ་སྐུལ་ཞིབ་བཤེར་ལག་བསྟར་བྱས་པས། ངོ་ཤེས་པར་ལྟ་སྐུལ་བྱེད་དཀའ་བ་དང་། རིག་གནས་ཆུ་ཚད་དམའ་བར་ལྟ་སྐུལ་བྱེད་དཀའ་བ། ལོ་ན་མཐོ་བར་ལྟ་སྐུལ་བྱེད་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད། དེ་དང་ཆབས་ཅིག གྲོང་དོན་ལྟ་སྐུལ་ལས་དོན་གྱི་སྙན་ཞུའི་ལམ་ལུགས་ཁྱབ་སྤེལ་བཏང་སྟེ་མཉམ་ལས་ཡུག་ཁུལ་རེ་ནས་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་རྒྱུས་ཡན་གྱི་གྲོང་ཚོའི་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་རེ་འབྲེལ་གཏུག་པར་བདམས་ནས་ཟླ་རེར་སྙན་སེང་ཞུ་བ་དང་། ཤང་སྒྲིག་ཨུད་ཀྱིས་གནད་དོན་ཤེས་རྟོགས་དང་ཚུར་ལན་སྙན་ཞུ་སོགས་ལྷུ་ཚིགས་ཁག་ལ་རྗེས་འདེད་འདྲི་རྩད་བྱས་ནས་གྲོང་དོན་ལྟ་སྐུལ་ཨུ་ལྷན་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་པ་རེད། མཉམ་ལས་ལྟ་སྐུལ་བྱས་པ་ནས་བཟུང་མཉམ་ལས་ཡུག་ཁུལ་དུ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས་4བྱས་པ་དང་། གནད་དོན་3ཤེས་རྟོགས་བྱུང་བ་དང་འབྲེལ་དག་ཐེར་བྱས་ཤིང་། དེའི་ནང་གི་གནད་དོན་1ཞིབ་འཇུག་བརྡར་གཅོད་བྱེད་བཞིན་ཡོད་པ་རེད།

    གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱིས“ལྟ་སྐུལ་བྱེད་མི་ཤེས་པའི”དཀའ་གནད་ཐག་གཅོད་བྱ་ཆེད། བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་ཚོ་ཁག་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ལས་ཀའི་འགན་འཁྲི་དང་། ལྟ་སྐུལ་ནང་དོན། ལྟ་སྐུལ་བྱེད་སྟངས། ལས་ཀའི་བརྒྱུད་རིམ་སོགས་སྔར་བས་ཁ་གསལ་བཏོན་པ་དང་སྦྲགས། འབྲེལ་ཡོད་ལམ་ལུགས་ཁྱབ་བསྒྲགས་བྱས་ནས་གཞི་རིམ་ལྟ་སྐུལ་གྱི་ཚད་ལྡན་རང་བཞིན་ཆེ་རུ་ནུས་ལྡན་བཏང་བ་རེད། དེ་དང་ཆབས་ཅིག ཚོགས་འདུས་སྦྱོང་བརྡར་གྱི་ཚབ་བྱེད་པ་དང་གཅིག་སྡུད་གསོ་སྦྱོང་གི་བྱེད་ཐབས་བརྒྱུད་གྲོང་ཚོའི(གྲོང་ལྷན)ལས་དོན་ལྟ་སྐུལ་ཨུ་ལྷན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

    འདི་ལོ་བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྐབས་དང་པོའི་གྲོང་ཚོའི་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་དང་གྲོང་ཚོའི(གྲོང་ལྷན)ལས་དོན་ལྟ་སྐུལ་ཨུ་ལྷན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་མི་130ལྷག་ཙམ་གསོ་སྦྱོང་ལ་ཞུགས་པ་དང་། ཉེ་བའི་ལོ་ཤས་རིང་གི་བྲག་ཡིབ་ཆུས་ཀྱི་གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་པའི་ཏང་ཡོན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་སྤྱད་དེ། “ལས་སྒོ་གསོ་སྦྱོང་+གྱོད་དཔེར་དབྱེ་ཞིབ”ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན་ཚོར་གྲོང་ཚོ་རིམ་པའི་སྲིད་གཙང་ཉེན་ཁ་གང་དུ་ཡོད་མེད་དང་འགན་འཁྲིའི་ཁྱབ་ཁོངས་སྔར་བས་ཤེས་རྟོགས་བྱེད་དུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།