དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་ཉེས་གསོག་པ་གཉིས་འཛིན་བཟུང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    ཉེ་ཆར། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་དྲ་ཐོག་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཟོ་མཁན་ཞིག་གི་ཁུངས་སྣེ་རྩད་ཆོད་ཅིང་། ཅུས་དེའི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཞིབ་དཔྱད་བྱས་པ་རེད། མཐར་རྡོ་ཆེ་གེ་མོ་དང་སྐྱིད་ཆེ་གེ་མོས་དྲ་ཐོག་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་རྫུས་མ་ཉོས་ནས་སྤྱོད་པའི་ཁྲིམས་འགལ་བྱེད་སྤྱོད་ངོས་ལེན་ཞུས་པ་རེད།

    མིག་སྔར་རྡོ་ཆེ་གེ་མོ་དང་སྐྱིད་ཆེ་གེ་མོ་ཁྲིམས་ལྟར་བཀག་ཉར་བྱས་ནས་གྱོད་གཞི་དེར་སྔར་བཞིན་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།

    ཉེན་རྟོག་པའི་དྲན་སྐུལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་བརྒྱད་བཅུ་པའི་ནང་། “རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ཡིག་དང་། ལག་ཁྱེར། ཐམ་ག་བཅས་རྫུན་བཟོ་དང་། བཅོས་བཟོ ཉོ་ཚོང་ངམ་ཡང་ན་རྐུ་བ་དང་། འཕྲོག་པ། མེད་པ་བཟོ་བ་སོགས་བྱས་ཚེ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། བཀག་ཉར། དོ་དམ་ཚོད་འཛིན་དམ་ཡང་ན་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུ་དང་འབྲེལ་དངུལ་ཆད་གཏོང་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་འབྲེལ་དངུལ་ཆད་གཏོང་རྒྱུ”《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་གཉིས་པའི་ནང་། “རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པའམ་ཡང་ན་རྩ་འཛུགས་གཞན་དག་གི་གཞུང་ཡིག་དང་ལག་ཁྱེར་ཡིག་ཆ་སོགས་ཉོ་ཚོང་ངམ་ཡང་ན་རྫུན་བཟོ་དང་བཅོས་བཟོ་བཅས་བྱས་ཚེ་ཉིན་བཅུ་ཡན་དང་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱེད་རྒྱུ་མ་ཟད། སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཏོང་རྒྱུ་དང་། གནས་ཚུལ་ཚབས་ཆུང་རིགས་ལ་ཉིན་ལྔ་ཡན་དང་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་མ་ཟད། སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཏོང་རྒྱུའི”གཏན་འབེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།