དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆུ་གསུམ་རྫོང་སྤྱི་བདེ་ཅུས་ཤག་བྱང་ཤང་མངགས་གཏོང་ཁང་གིས་ངལ་རྩོལ་གླ་ཆའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    ཉིན་ཤས་གོང་། ཆུ་གསུམ་རྫོང་ཁོངས་ཀྱི་ལས་གྲྭ་ཞིག་གི་ལས་མི་ཤག་བྱང་ཤང་མངགས་གཏོང་ཁང་དུ་ཡོང་ནས“ཨར་སྐྲུན་ཚན་པས་ང་ཚོ་ལས་མི་5ཡི་གླ་ཆ་ཁྱོན་སྒོར་45260འགྱངས་ཆད་བྱས་བྱུང”ཞེས་གྱོད་དོན་སྙན་སེང་ཞུས།

    ཤེས་རྟོགས་བྱས་པར་གཞིགས་ན། ཨར་སྐྲུན་ཚན་པ་དེའི་རྣམ་གྲངས་ཀྱི་འགན་འཁུར་བ་བརྗེས་པ་ལས་ལས་མིར་གླ་ཆ་དུས་ཐོག་ཏུ་རག་མེད་པ་རེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཨར་སྐྲུན་རྣམ་གྲངས་དེའི་འགན་འཁུར་བ་བཙལ་ནས་གྲོས་བསྡུར་བྱས་པ་དང་། ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་ཚབས་ཆེའི་རང་བཞིན་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་ནས་གང་མགྱོཌ་མ་དངུལ་གྲ་སྒྲིག་བྱས་ཏེ་ལས་མིའི་གླ་ཆ་སྤྲོད་དགོས་པའི་སྐུལ་འདེད་བཏང་བ་རེད། མཐར་2023ལོའི་ཟླ་11ཚེས་27ཉིན་རྣམ་གྲངས་ཀྱི་འགན་འཁུར་བས་འགྱངས་ཆད་བྱས་པའི་གླ་ཆ་ཆ་ཚང་སྐད་འཕྲིན་བརྒྱུད་ནས་སྤྲད་པ་རེད།

    ཆུ་གསུམ་རྫོང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། དུས་དང་རྣམ་པ་ཀུན་ཏུ“འགལ་ཟླ་ཐོན་མ་ཐག་ནས་སེལ་བ་དང་། བདེ་འཇགས་ལྡན་ལ་གནས་ཚུལ་མི་ཐོན་པ། ཞབས་འདེགས་ཞུ་མཁན་ཡོད་པ”བཅས་ཀྱི་ལས་ཀའི་དམིགས་ཚད་ལ་བརྟེན་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཨར་སྐྲུན་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།