དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་ཧུར་ཐག་བྱེད་པ།

    ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་བཅའ་ཁྲིམས་ཀྱི་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    “ཕྲུ་གུ་ནི་མ་འོངས་པའི་རེ་བ་ཡིན་པས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་་སྲུང་སྐྱོང་བྱེད་པའི་ལས་དོན་ཧུར་ཐག་སྒྲུབ་དགོས”ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ཁང་ཞིབ་དཔྱོད་སྡེ་ཚན་བདུན་པར“རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཅིང་། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་བཅའ་ཁྲིམས་ཀྱི་འགན་ལེན་བྱས་ཡོད།

    ཟིལ་གནོན་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་བྱེད་པའི་རྨང་གཞི་བརྟན་དུ་བཏང་བ།

    ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ཆད་ནན་པོ་གཅོད་པའི་ལས་དོན་ཐོག་མཐའ་བར་གསུམ་དུ་ལས་འགན་གཙོ་བོར་བརྩིས་ནས་དམ་འཛིན་བྱས་ཏེ། ཉེས་གསོག་ལ་ཁྲིམས་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་བཟུང་ཆོག་པའི་ཆོག་མཆན་མགྱོཌ་མྱུར་སྤྲོད་པ། ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཉེས་དོན་ཉེས་གསོག་སྣ་ཚོཌ་ཞུ་གཏུག་རྒྱག་པ་བཅས་བྱས་པས་དམ་བསྒྲཌ་ཀྱི་རྣམ་པ་ཆགས་ཡོད།

    འདི་ལོ་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཉེས་གསོག་དོགས་ཅན་8བཟུང་བ་དང་། མི་7ཁྲིམས་ལ་སྦྱར་བ། སྔ་སྣུར་དུ་མྱུལ་ཞིབ་ལ་ཁྲིད་སྟོན་བྱས་པའི་གྱོད་གཞི་18ཟིན་པ་བཅས་རེད། སློབ་གསོ་དང་། སེམས་འགུག་པ། སྐྱོབ་ཐབས་བཅས་མཐའ་འཁྱོངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་དོན་གྱོད་གཞིའི་རང་ཉེས་ངོས་ལེན་དང་ཆད་པ་ཡང་དུ་གཏོང་བའི་ལམ་ལུགས་ཡང་དག་ངང་སྤྱད་ནས་རང་ངོས་ཀྱི་གནོད་སེམས་ཆེན་པོ་མེད་པ་དང་ཉེས་གསོག་གནས་ཚུལ་ཚབས་ཆུང་བའི་ན་སོ་དར་ལ་མ་བབས་པའི་ཉེས་གསོག་དོགས་ཅན་4བཟུང་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་། མི་9ཁྲིམས་ལ་སྦྱར་མེད་པ། ཟུར་བཀོད་ཆ་རྐྱེན་བཏོན་པའི་མི་3ཁྲིམས་ལ་སྦྱར་མེད་པ་བཅས་རེད།

    བཅོས་སྐྱོང་གི་མ་ལག་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིའི་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས་བྱས་པ།

    ན་སོ་དར་ལ་མ་བབས་པའི་མིའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ཞིབ་དཔྱོད་ཀྱི་ལས་སྒྲུབ་སྐབས་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས། སྲིད་གཞུང་བཅས་མཉམ་དུ་ཤུགས་སྣོན་རྒྱག་པར་སྣང་ཆེན་བྱས་ཏེ་ངས་དོ་དམ་བྱེད་པར་བརྟེན་ནས་ཚང་མར་དོ་དམ་ཐུབ་པར་སྐུལ་འདེད་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་ལྟ་སྐུལ་ལ་བརྟེན་ནས་ཁྱིམ་ཚང་གི་སློབ་གསོའི་འགན་འཁྲི་ནན་ཏུ་བཏང་ཡོད་པ་དང་། ལྟ་སྐྱོང་བས་ཁྲིམས་ལྟར་ལྟ་སྐྱོང་གི་འགན་འཁྲི་ལག་ལེན་བསྟར་བར་ལྟ་སྐུལ་བྱས་ནས་ལྟ་སྐུལ་ལྟ་སྲུང་གི་བཀའ་རྒྱ་ཁག་2དང་བསླབ་བྱ་ནན་པོ་ཐེངས་3བཏོན་ཏེ་ཕྲུ་གུར་ལྟ་སྐྱོང་མི་བྱེད་པའི་ཁྱིམ་བདག་གིས་ཁྲིམས་ལྟར་ཕྲུ་གུ་སྐྱོང་བར་སྐུལ་འདེད་ནུས་ལྡན་ཐུབ་ཡོད། སྤྱི་བདེ་དང་སློབ་གསོ་སོགས་སྲིད་འཛིན་སྡེ་ཚན་དང་ལག་གདང་སྦྲེལ་ནས་ལས་སྒྲུབ་མཉམ་འགུལ་བྱས་ཏེ་མི་8000ཙམ་ལ་ལས་ཞུགས་འདྲི་རྩད་བྱས་ནས་མངོན་མེད་ཀྱི་ཉེན་ཁ་བསལ་བ་རེད།

    ཁྲིམས་འཛིན་རོགས་སྐྱོབ་ཧུར་ཐག་བྱས་ནས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་17.54སྤྲད་པ་དང་། སློབ་གྲྭའི་བདེ་འཇགས་དོ་དམ་གྱི་ཞིབ་དཔྱོད་གྲོས་འགོ་བཟོས་ཏེ། སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་སློབ་གྲྭ་དང་ཉལ་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བར་ལྟ་སྐུལ་བྱས་ནས་སློབ་གྲྭའི་བདེ་འཇགས་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་ཡོད། “ཨ་སྐྱིད་མེ་ཏོག”ཅེས་པའི་ན་སོ་དར་ལ་མ་བབས་པའི་མིའི་གཅིག་འཐུས་རྣམ་པའི་བློ་འདྲིའི་རོགས་སྐྱོབ་ལྟེ་གནས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་མི་དམངས་སྨན་ཁང་དང་མཉམ་དུ《ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་གྱི་ཉེས་དོན་གྱོད་གཞི་བདག་སྤྲོད་སྐོར་གྱི་གཅིག་འཐུས་རྣམ་པའི་དཔང་ལེན་སྲུང་སྐྱོབ་ལས་དོན་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་ནས་བློ་འདྲི་དང་། དཔང་ལེན། ཞིབ་བཤེར། རོགས་སྐྱོབ་བཅས་ཐེངས་གཅིག་རང་དུ་དོན་འཁྱོལ་དང་ཐག་གཅོད་ཐུབ་པར་བྱས་ཡོད།

    སློབ་གསོར་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་བ།

    “བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ་གཏོང་བའི”རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་ནས་འགག་རྩའི་མཚམས་ཚིགས་ལ་དམིགས་ཏེ། ཉིང་ཁྲི་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་དང་ཁྲིམས་སྐྱོང་ཟུར་ཁྲིད་པས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོར”དམ་འཛིན་བྱས་ནས་སློབ་གྲྭར་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་གི“བཅའ་ཁྲིམས་གཉིས”དང“སློབ་གྲྭའི་བརྙས་བཅོས་སྔོན་འགོག”སོགས་ཀྱི་ནང་དོན་ལ་དམིགས་ནས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཐེངས་70ལྷག་ཙམ་བྱས་པར་སློབ་གྲྭ་31གི་དགེ་སློབ་ཁྲི་1.1ལྷག་ཙམ་ལ་ཁྱབ་ཡོད། གླེང་མང་བའི་གནད་དོན་ལ་དམིགས་ནས“ཞིབ་དཔྱོད་ཀྱི་བརྩེ་སེམས་དང་མཉམ་དུ་འགྲོགས། བཅའ་ཁྲིམས་གྲོང་གསེབ་ཏུ་ཁྱབ་གདལ་གཏོང”ཞེས་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། གྲོང་གསེབ་དང་། ཐག་རིང་ལུང་ཁུག དབུལ་ཕོངས་ས་ཁུལ་བཅས་སུ་སྤུས་ལེགས་ཀྱི་བཅའ་ཁྲིམས་ཐོན་ཁུངས་དེ་བས་མང་བ་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་16བྱས་ནས་མི་ཐེངས་1500ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    འགག་རྩའི་ལམ་སྲོལ་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ《སློབ་གྲྭའི་སྤྱི་ཕན་གཏུག་བཤེར་ལྟ་ཞིབ་པའི་ལམ་ལུགས་བཟོ་བའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》ལ་མིང་རྟགས་བཀོད་ནས་སློབ་གྲྭའི་སྤྱི་ཕན་གཏུག་བཤེར་ལྟ་ཞིབ་པ་12གདན་དྲངས་པའི་རྨང་གཞིའི་ཐོག“ཞིབ་དཔྱོད་པ+ལྟ་ཞིབ་པ+སྲུང་དམག་ཆུང་ཆུང”བཅས་ཀྱི་ལས་ཀ་བྱེད་སྟངས་འཚོལ་ཞིབ་བྱས་ནས་སྐུལ་འདེད་བཏང་ཡོད། “ཞིབ་དཔྱོད་ཀྱི་བརྩེ་སེམས་དང་མཉམ་དུ་འགྲོགས། བྱིས་པའི་འཚར་ལོངས་ལ་སྲུང་སྐྱོང་བྱེད”ཅེས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། དགེ་སློབ་ཀྱི་འཐུས་མི་བཅས་མི་340ལྷག་ཙམ་གདན་དྲངས་ནས་བར་ཐག་མེད་པ་དང་དབྱིངས་ཞུགས་པའི་རྣམ་པའི་ཐོག་ནས་བཅའ་ཁྲིམས་སློབ་གསོ་ཉམས་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།