དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ལག་རྩལ་ལ་བརྟེན་ནས་ལས་ཕྱོད་ཆེ་རུ་བཏང་བ་དང་གྲངས་གཞིར་བརྟེན་ནས་སྤུས་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

     འདི་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྲངས་འཛིན་ཞིབ་དཔྱོད་ཀྱི་གོམ་སྟབས་ལ་དམ་པོར་བསྙེགས་ནས་གྲངས་འཛིན་ཞིབ་དཔྱོད་ནི་ཅི་ཡིན་པ་དང་། ཅི་ཞིག་བྱེད་པ། ཅི་འདྲ་སྒྲུབ་པ་བཅས“གནད་དོན་གསུམ”ནས་འགོ་བརྩམས་ཏེ། བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་སྲོལ་འཛུགས་རྒྱུ་ཚད་བརྒལ་བྱ་གཞིར་བྱས་ཏེ་ལག་རྩལ་ལ་བརྟེན་ནས་ལས་ཕྱོད་ཆེ་རུ་བཏང་བ་དང་གྲངས་གཞིར་བརྟེན་ནས་སྤུས་ཚད་མཐོ་རུ་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས“གྲངས་གཞི་དག་བཤེར་བྱེད་མཁན”དང“གྲངས་གཞི་བཀོལ་སྤྱོད་ལས་རོགས་པའི”རིག་ནུས་རམ་འདེགས་མཉེན་ཆས་གཉིས་ནང་འདྲེན་ཧུར་ཐག་བྱས་པ་དང་འབྲེལ་བེད་སྤྱོད་བྱེད་འགོ་ཚུགས་པ་རེད། “གྲངས་གཞི་དག་བཤེར་བྱེད་མཁན”གྱིས་གྱོད་གཞིའི་གཱ་ཕབ་འཇུག་དང་། ཡིག་རིགས་བཟོ་བ། གྱོད་སྒྲུབ་དུས་བཅད། རྒྱུན་འཁོར་གོ་རིམ་སོགས་ཀྱི་ཐད་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱས་ཏེ་གྱོད་གཞིའི་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན་རིག་ནུས་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་པར་རམ་འདེགས་བྱས་པ་རེད། “གྲངས་གཞི་བཀོལ་སྤྱོད་ལས་རོགས་པས”ཞིབ་དཔྱོད་ལས་སྒོའི་སྤུས་ཚད་གདེང་འཇོག་མ་ལག་བརྟེན་སར་བྱས་ཏེ་འགོ་ཁྲིད་ཀྱིས་ཇུས་འདོན་ཐབས་ཇུས་འགོད་པ་དང་ལས་སྒོའི་འབྲེལ་ཁོངས་བཀོད་གཏོང་བྱེད་པར་གྲངས་གཞིའི་རྒྱབ་སྐྱོར་བྱས་པ་རེད། སྲིད་ཁྲིམས་ཀྱི་སྡེ་ཚན་སྒྲོལ་བའི་གྲངས་གཞི་ཆེ་མོའི་མཐུན་སྦྱོར་གྱོད་སྒྲུབ་ལས་སྟེགས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ཚུན། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་དོན་གྱོད་གཞི་ཁག་851དྲ་ཐོག་ཏུ་སྒྲུབ་པར་སྐུལ་འདེད་ཧུར་ཐག་བཏང་བས། གྱོད་དོན་ཐོ་འགོད་མྱུལ་ཞིབ་དང་། འཛིན་བཟུང་། ཞུ་གཏུག འདྲི་གཅོད། ཁྲིམས་གཅོད་ལག་བསྟར་བཅས་ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོར་ཆ་འཕྲིན་མཉམ་སྤྱོད་དང་ལས་སྒོ་མཐུན་སྦྱོར་བྱུང་ནས། སྲིད་ཁྲིམས་ལས་ཁུངས་དབར་གྲངས་གཞི་མཉམ་སྤྱོད་ཐུབ་ཡོད། “ཞིབ་དཔྱོད་ཀྱི་སྤུས་ཚད་དང་ཕན་འབྲས་ཀྱི་གྲངས་གཞིའི་ལས་སྟེཌ”བསྐྲུན་པས་རིམ་གཉིས་ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་གཞི་སྒྲུབ་པའི་གནས་ཚུལ་དང་། “ཞིབ་དཔྱོད་ཆེན་པོ་བཞི”དང“ལས་སྒོ་ཆེན་པོ་བཅུའི”གྲངས་གཞིའི་བསྡུར་ཚད་བཟུང་ཚད། ལྟེ་བའི་དམིགས་ཚད་ཁག་46གི་སྐབས་བསྟུན་འགྱུར་ལྡོག་སོགས་དུས་ཐོག་ཏུ་མངོན་པར་བྱས་པ་དང་འབྲེལ། རྒྱུན་གཏན་མིན་པའི་དམིགས་ཚད་དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡ་བཏང་ནས་དྲན་སྐུལ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ། གྲོང་ཁྱེར་ཡོངས་སུ་གྲངས་གཞི་ཆེ་མོའི་ལྟ་སྐུལ་བྱེད་སྟངས་ཁག་13ནང་འདྲེན་བྱས་པ་ལས་ཁག་4སྤྱོད་འགོ་ཚུགས་པ་རེད། གྲངས་གཞི་ཆེ་མོའི་ལྟ་སྐུལ་བྱེད་སྟངས་ཁག་9རང་རྟེན་གྱིས་བསྐྲུན་པ་ལས་ཁག་5སྤྱོད་འགོ་ཚུགས་པ་རེད། ཁྲིམས་གཅོད་ལྡོག་མཐུད་དང་སྨན་བཅོས་སྒྲིག་གཞིའི་བཙན་ཤེད་སྙན་ཞུའི་ལམ་ལུགས་དོན་འཁྱོལ་སོགས་ཀྱི་ལྟ་སྐུལ་བྱེད་སྟངས་བརྒྱུད“ཉེན་ཁ་ཆེ་བའི”ཁུངས་སྣེ་ཁག་18དབྱེ་བཤེར་བྱས་ཏེ། ཁྲིམས་ལྟར་འབྲེལ་ཡོད་ཚན་པར་ཞིབ་དཔྱོད་བསམ་འཆར་སྣ་ཚོགས་6བཏོན་པས་གྲངས་འཛིན་ཞིབ་དཔྱོད་རྣམ་པའི་སྟོབས་ཤུགས་རིམ་བཞིན་མངོན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།