དབུ་ཤོག>ཁྲིམས་ལུགས།
  • ལྗོངས་ཡོངས་ཀྱི་ཅན་ཁྲ་ཀྲང་གི་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-27

    ཟླ་1ཚེས་25ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་ཅན་ཁྲ་ཀྲང་གི་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་སྲིད་ཁྲིམས་ལས་དོན་ཐད་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུ་དང་། ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཅན་ཁྲ་ཀྲང་གི་ཚོགས་འདུ། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་འབྲེལ། 2023ལོའི་ཞིབ་དཔྱོད་ལས་དོན་ལ་ཕྱོགས་སྡོམ་དང་2024ལོའི་ལས་འགན་བཀོད་སྒྲིག་བྱེད་རྒྱུ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤ་ཁེ་ཆིན་གྱིས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“དོན་ཆེན་བཞིར”དམ་པོར་དམིགས་ནས་ཞིབ་དཔྱོད་ཀྱིས“འཛུཌ་གཏོད་བཞིར”ཞབས་ཞུ་དང་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་རང་འགུལ་ངང་ཁུར་དགོས་པ་དང་། སྤུས་ཚད་མཐོ་བའི་ཕན་འབྲས་ལ་དམ་པོར་དམིགས་ཏེ་གྱོད་གཞི་ཡག་པོ་གཉེར་ནས་དུས་རབས་གསར་པའི་ས་མཐོའི་ཞིབ་དཔྱོད་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།