དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འཕྱོངས་རྒྱས་རྫོང་ཁྲིམས་འཛིན་ཅུས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བར་དམིགས་ནས་ཁྲིམས་སྐྱོང་གི་ཐོབ་སྣང་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། འཕྱོངས་རྒྱས་རྫོང་ཁྲིམས་འཛིན་ཅུས་ཀྱིས་གནད་དོན་ལ་དམིགས་ནས་དག་ཐེར་ལ་དམ་འཛིན་དང་། ཁྲིམས་སྐྱོང་རིག་གནས་སྐྱེད་སྲིང་དང་། ཁྲིམས་སྐྱོང་རིག་གནས་གཡུལ་ས་འཛུགས་སྐྲུན། བཅའ་ཁྲིམས་རོགས་སྐྱོར་ཞབས་འདེགས་ཞུ་བ་སོགས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་འཚོལ་བཤེར་དག་ཐེར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།

    འཕྱོངས་རྒྱས་རྫོང་ཁྲིམས་འཛིན་ཅུས་ཀྱིས་གནད་དོན་ཐག་གཅོད་བྱས་པའི་ཕན་འབྲས་དངོས་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་ཀྱི་ཚད་གཞི་གཙོ་བོར་བརྩིས་ནས། “རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཁྲིམས་སྐྱོང་རིག་གནས་གཡུལ་ས་འཛུགས་སྐྲུན་དོ་སྙོམས་མེད་པ་དང་ཁྲིམས་བཞིན་བཅོས་སྐྱོང་གི་ཕན་འབྲས་མཐོ་རུ་གཏོང་དགོས་པ”བཅས་ཀྱི་གནད་དོན་ལ་དམིགས་ནས། ཁྲིམས་སྐྱོང་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། “བཅའ་ཁྲིམས་ཁྱབ་གདལ་བསིལ་ཁང”“བཅའ་ཁྲིམས་ཁྱབ་གདལ་ས་ཚུགས”སོགས་ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་ས་ཧུར་ཐག་བཏོད་དེ། མང་ཚོགས་ཀྱིས་ཁྲིམས་སྐྱོང་གི་ཤེས་བྱ་གང་འདོད་སྦྱོང་ཐུབ་ནས་ཁྲིམས་སྐྱོང་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་སློབ་གསོའི་ཤུགས་རྐྱེན་ནུས་པ་མཐོ་རུ་ནུས་ལྡན་གཏོང་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།