མཚོ་སྨད་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས།
ཁྲིམས་འགལ་ངང་ལམ་བཟུང་བར་ཆད་པ་བཅད་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་པ།
ཉེ་ཆར། མང་ཚོགས་ཀྱིས་མཚོ་སྨད་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་མཚོ་སྨད་རྫོང་ཁོངས་ཀྱི་རྒྱལ་ལམ་560ལམ་ཐིག་གི་སྤྱི་ལེ་386ཡི་སར་རླངས་འཁོར་གྱིས་འགྲོ་ལམ་བཟུང་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་འཛོལ་ཐོན་གྲབས་བྱས་སོང་ཞེས་སྙན་སེང་ཞུས།
ཁ་པར་འབྱོར་རྗེས་འབྲེལ་ཡོད་མི་དམངས་ཉེན་རྟོག་པས་འཕྲལ་མར་བརྟག་དཔྱད་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད། ཁ་ལོ་བ་བསོད་ཆེ་གེ་མོས་བཏང་བའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དེས་བགྲོད་ལམ་བཟུང་བར་བརྟེན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་ལྔ་པའི“འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་གཡས་ཕྱོགས་ནས་འགྲོ་དགོས་པའི”གཏན་འབེབས་ལས་འགལ་བ་དང་བྱེད་སྤྱོད་དེར་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡོད་པས། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་བསོད་ཆེ་གེ་མོའི་རླངས་འཁོར་གཏོང་ཆོག་པའི་ལག་འཁྱེར་ནས་སྐར་མ་3འཐེན་པ་དང་དངུལ་ཆད་སྒོར་200བཅད་པ་རེད།