དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ།

    འདི་ལོ་ཉེན་ཁ་གྲལ་བཤེར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    འདི་ནི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་པས་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ཞིབ་བཤེར་བྱེད་བཞིན་པ།

    འབྲས་རྡོག་གཅིག་དང་ཞལ་ལག་གསོལ་ལྕོག་གང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་རྩ་དང་འབྲེལ་བ་ཡོད་ལ། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་ཡང་འབྲེལ་བ་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདི་ལོ་རང་ལྗོངས་ཀྱིས་ལྷོད་གཡེང་སྤུ་ཙམ་མེད་པར་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ལ་དམ་འཛིན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཏོན་ཡོད། དེས་ན་2023ལོར་རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་ལས་དོན་སྤེལ་ཚུལ་ཇི་འདྲ་ཡིན་མིན་དང། ཕན་འབྲས་གང་དག་ཐོན་མིན། འདི་ལོའི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་ལས་དོན་གྱི་གཙོ་གནད་གང་དག་ཡིན་མིན་སོགས་ཀྱི་སྐོར་ལ་གསར་འགོད་པས་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉེ་ཏ་ཁོའོ་ལ་བཅར་འདྲི་ཞུས་པ་ཡིན།

    Aའཐེན་བཤེར་བྱས་པའི་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་ལོན་ཚད་98%ཡན་དུ་སླེབས་པ།

    འཕེལ་རྒྱས་ཀྱི་དུས་མཚམས་གསར་པར། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དང་ཟས་རིགས་བདེ་འཇགས་ཀྱི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་པས། བཟའ་བཅའི་བདེ་འཇགས་ལས་དོན་ལ་བླང་བྱ་གསར་པ་དེ་བས་ཆེ་བ་བཏོན་ཡོད། ཉེ་ཏ་ཁོའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་རང་ལྗོངས་ཀྱིས“ནན་ཤོས་བཞིའི”བླང་བྱར་ནན་པོར་གཞིགས་ནས། བཟའ་བཅའི་བདེ་འཇགས་ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ཁག་བགོས་དོན་འཁྱོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དེ“ཚན་པ་ཆུང་ཤོས”སུ་དོན་འཁྱོལ་བྱས་ཡོད། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཁྲི་1.8ཀྱིས་བཟའ་བཅའི་ཁེ་ལས་ཁྲི་6.3འགན་གཙང་ལེན་པར་སྐུལ་འདེད་བཏང་ཡོད། ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་རིགས་དབྱེ་མཛུབ་ཁྲིད་བྱས་ནས་ཉེན་ཁ་དོ་དམ་ཚོད་འཛིན་གྱི་གསལ་ཐོ་བཟོས་པ་དང་ལྗོངས་ཡོངས་སུ་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་4894དང་བཟའ་བཅའི་བདེ་འཇགས་པ་ཁྲི་6ཙམ་བཀོད་སྒྲིག་བྱས་ནས“ཉིན་རེར་དོ་དམ་ཚོད་འཛིན་རེ་དང་། གཟའ་འཁོར་རེར་གྲལ་བཤེར་རེ། ཟླ་རེར་བཀོད་གཏོང་རེ”བཅས་ཀྱི་ལམ་ལུགས་རྒྱུན་རྣམ་ཅན་གྱི་སྒོ་ནས་འཁོར་སྐྱོད་བྱས་ཡོད། བཟའ་བཅའ་ཐོན་སྐྱེད་ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་དོ་དམ་མི་སྣ་གསོ་སྦྱོང་དང་དཔྱད་ཞིབ་བྱེད་ཚད་100%ཟིན་པ་དང་། བཟའ་བཅའ་གཉེར་སྐྱོང་ཁེ་ལས་ཀྱི་ལས་ཞུགས་མི་སྣར་དྲ་ཐོག་ནས་གསོ་སྦྱོང་བྱེད་ཚད་96%ཟིན་ཡོད། བཟའ་བཅའི་ཐོན་སྐྱེད་ཁེ་ལས་ཀྱིས་ཉེན་ཁའི་རིམ་པ་དབྱེ་ནས་དོ་དམ་བྱེད་ཚད་100%ཟིན་པ་དང་ཉེན་ཁ་ལྟ་འདོམས་ཀྱི་གསལ་ཐོ་བཟོ་བ་དང་རང་བཤེར་བྱེད་ཚད་100%ཟིན་ཡོད།

    B“ཆད་པ་མི་ཐོག་ལ་འཁྱོལ་བ”དོན་འཁྱོལ་བྱས་པ།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འཛིན་གྱོད་སྒྲུབ་ལ་ཤུགས་སྣོན་བརྒྱབ་པ་དང་། ས་ཁོངས་དང་སྡེ་ཚན་བསྒྲལ་ནས་གྱོད་སྒྲུབ་མཉམ་ལས་དང་ཁུངས་སྣེ་རྩིས་སྤྲོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ད་དུང་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཏེ། ལོ་ཧྲིལ་པོར་བཟའ་བཅའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་293ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་མ་དངུལ་སྒོར་ཁྲི་81.45ཟིན་པ་དང་། དངུལ་ཆད་སྒོར་ཁྲི་245.56བཏང་བ། སྤྱི་བདེར་གྱོད་གཞི་5རྩིས་སྤྲད་པ། གྱོད་དོན་1ཉེས་དོན་གྱོད་གཞིར་ཐོ་འགོད་བྱས་ཡོད། ཚོང་ཟོག་རྫུན་མ་དང་སྤུས་ཞན་བཟོ་ཚོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་ཏེ། ལོ་ཧྲིལ་པོར་ཁེ་དབང་ལ་བཙན་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་གྱོད་གཞི་136ཞིབ་གཅོད་བྱས་པར་གྱོད་འབྲེལ་མ་དངུལ་སྒོར་ཁྲི་617.96ཟིན་པ་དང་དངུལ་ཆད་སྒོར་ཁྲི་143.205བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དབང་ཆར་བཙན་གནོད་དང་ཚོང་ཟོག་རྫུན་མ་ཏུན་14ཙམ་མེད་པ་བཟོས་པར་དངོས་ཟོག་གི་རིན་ཐང་སྒོར་ཁྲི་54.62ཟིན་གྱི་ཡོད།

    ཉེ་ཏ་ཁོ་ཡིས་འདི་ལོ་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་གཏིང་ཟབ་དང་ཏན་ཏིག་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ཞིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་བཟའ་བཅའ་དང་འབྲེལ་ཡོད་ཐོན་རྫས་ལ་ལྟ་སྐུལ་འཐེན་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་པ་མ་ཟད། གཙོ་གནད་ཁེ་ལས་དང་། གཙོ་གནད་ཐོན་རྫས། གཙོ་གནད་ས་ཁོངས་བཅས་ཀྱི་བཟའ་བཅའི་ཉེན་ཁ་གྲལ་བཤེར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་བཤད།

    Cབརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་ ནན་ཤོས་བྱེད་པར་སྐུལ་འདེད་ གཏིང་ཟབ་བཏང་བ།

    ད་ཆ་ཇ་ཁང་དང་བོད་ཟས་ཁང་མང་ཆེ་བའི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ་དང་། དུག་སེལ་སྒྲིག་ཆས་ཆ་ཚང་བ། ཐབ་ཚང་རྒྱ་ཆེ་ལ་དཀར་ཆ་དོད་པ། ལས་ཞུགས་མི་སྣའི་གྱོན་ཆས་གྲལ་འགྲིག་ལ་བཀོད་སྤྱོད་གོ་རིམ་ལྡན་པ་སོགས་དེ་སྔའི་ཇ་ཁང་དང་བོད་ཟས་ཁང་གིས་མི་རྣམས་ལ་བཞག་པའི་བཙོག་ཟིང་ཞན་གསུམ་གྱི་བག་ཆགས་དང་གཏན་ནས་འདྲ་གི་མེད། དེ་ནི་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལག་བསྟར་བྱས་པའི་ཇ་ཁང་དང་བོད་ཟས་ཁང་གི་རིམ་སྤོར་བྱ་སྤྱོད་ལས་བྱུང་བ་ཞིག་ཡིན་ཞིང་། བཀོལ་སྤྱོད་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་གཏོང་ཆེད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ད་དུང《བུལ་ཐུག་གི་ལས་སྣོན་ལག་རྩལ་སྒྲིག་སྲོལ》དང《ཇ་མངར་མོའི་ལས་སྣོན་ལག་རྩལ་སྒྲིག་སྲོལ》བཟོས་ཡོད། མིག་སྔའི་བར་རང་ལྗོངས་ཀྱི་ཇ་ཁང་དང་བོད་ཟས་ཁང་5406རིགས་དབྱེའི་ཐད་ཚད་ལྡན་ཅན་གྱི་རིམ་སྤོར་བྱུང་ཡོད།

    དྲ་རྒྱའི་བཟའ་བཏུང་བྱེད་པོའི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་སོང་བ་དང་སྦྲགས། དྲ་རྒྱའི་བཟའ་བཏུང་བདེ་འཇགས་ལ་ཚང་མས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། 2023ལོར་རང་ལྗོངས་ཀྱིས་དྲ་རྒྱའི་བཟའ་བཏུང་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་མ་ཟད། ད་དུང་བཟའ་བཏུང་འཕྲོ་བརླག་བཀག་འགོག་གི་ཆེད་དོན་བྱ་སྤྱོད་ཀྱང་སྤེལ་ནས“ཟ་ཁང་ལ་སྐབས་བསྟུན་ཞིབ་བཤེར”རྒྱ་ཁྱབ་བྱས་ཏེ། “གཟི་བརྗིད་མིང་གཞུང་དང་མིང་གཞུང་ནག་པོ”ཁྱབ་བསྒྲགས་བྱས་པ་དང་། མངགས་སྐྱེལ་ལས་སྟེགས་22སྐོང་འདྲི་བྱས་པ། ཚོང་དུད་ཁྲི་3.7ལ་བཅོས་སྒྲིག་བྱེད་པའི་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། མིག་སྔའི་བར་རང་ལྗོངས་ཀྱི་བཟའ་བཏུང་ཞབས་ཞུའི་ཚན་པ་ཁྲི་5.8ལ་ཚད་འབེབས་རིམ་དབྱེ་དང་དོ་དམ་དཔྱད་བསྡུར་བྱེད་ཚད་95.3%ཟིན་ཡོད།

    “ང་ཚོས་ཚགས་ཤའི་ཐོན་རྫས་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་དྲིལ་བསྒྲགས་རྫུན་མ་བྱས་པ་དང་། ཐོ་འགོད་ཚོང་རྟགས་ཀྱི་བདག་དབང་ལ་བཙན་གནོད་བྱས་པ། རྫུན་མ་ངོ་མ་ཡིན་ཁུལ་དང་སྤུས་ཞན་སྤུས་ལེགས་ཡིན་ཁུལ་བྱས་པ། “མེད་པ་གསུམ”གྱི་ཚགས་ཤའི་ཐོན་རྫས་བཙོངས་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། 2023ལོར་ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་འབྲེལ་ཡོད་ཁྲོམ་རའི་བྱེད་པོ་4685ལ་ཞིབ་བཤེར་བྱས་པ་དང་། གཉེར་སྐྱོང་དུད་ཚང་16ལ་ཡོང་ཁུངས་གསལ་པོ་མེད་པའི་ཚགས་ཤའི་ཐོན་རྫས་མེད་པར་བཟོ་དགོས་པའི་བཀའ་བཏང་བ། ཚོང་དུད་50ལ་དེ་མ་ཉིད་དུ་བཅོས་སྒྲིག་དང་ཚོང་དུད་7ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ། བཅོས་སྒྲིག་བརྡ་ཐོ་24བཏང་བ། ཚགས་ཤའི་ཐོན་རྫས་སྤྱི་རྒྱ་526.85གཞུང་བཞེས་བཏང་བ། གནད་དོན་ཁག་5གྱོད་ཐོ་བཀོད་ནས་རྩད་གཅོད་བྱས་པའི་ནང་ནས་གནད་དོན་ཁག་3རྩད་ཆོད་པ། དངུལ་ཆད་གཏོང་ཚད་སྒོར་ཁྲི་9.54ཟིན་པ། གནད་དོན་ཁག་2ཐག་གཅོད་བྱེད་བཞིན་ཡོད”ཅེས་ཉེ་ཏ་ཁོའོ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།