དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་རང་འགན་གཙང་སྒྲུབ་བྱེད་མཁན་སྲུང་དམག་རྒྱལ་མཚན་ནོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    རྒྱལ་མཚན་ནོར་བུས་ལས་འགན་སྒྲུབ་བཞིན་པ།

    རྒྱལ་མཚན་ནོར་བུས(ཞྭ་མོ་ནག་པོ་གྱོན་པ)མང་ཚོགས་དང་མཉམ་དུ་དར་ཆ་འཛུགས་བཞིན་པ།

    2023ལོའི་ཟླ་12ཚེས་6ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས“གཞུང་ལས་པ་ཡག་ཤོས”ཀྱི་དཔྱད་འདེམས་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་མི་20ལ“གཞུང་ལས་པ་ཡག་ཤོས”ཀྱི་མཚན་སྙན་རག་ཅིང་། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྤྱི་བདེ་ཅུས་རྒྱལ་སྲུང་རུ་ཆེན་གྱི་རིམ་གསུམ་ཉེན་རྟོག་དཔོན་རྒྱལ་མཚན་ནོར་བུ་དེའི་ནང་ཚུད་ཡོད་པ་རེད།

    འདི་ལོ་རྒྱལ་མཚན་ནོར་བུ་ལོ་33ལ་སླེབས་པ་དང་2012ལོར་སྤྱི་བདེའི་ཁོངས་གཏོགས་སུ་རྒྱུགས་འཕྲོད་ཚུན་ཁོང་གིས་སྤྱིར་བཏང་གི་ལས་གནས་ཐོག་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཞིང་། ཁོང་གི་དཀའ་སྤྱད་རྙིང་རུས་དང་ལེགས་སྐྱེས་འབུལ་ཕོད་པའི་སྙིང་སྟོབས་དང་བྱ་སྤྱོད་དངོས་ལ་བརྟེན་ནས“དམངས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་བསྒྲུབས་པས། རྒྱ་ཆེའི་མང་ཚོགས་ཚོའི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད་པ་རེད།

    ①ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་བྱ་བ་ཚང་མ་ཧུར་ཐག་བསྒྲུབས་པ།

    2012ལོའི་ཟླ་7པར་ལྷོ་བྲག་རྫོང་ནས་ཡིན་པའི་རྒྱལ་མཚན་ནོར་བུའི་ཉེན་རྟོག་པའི་ཕུགས་འདུན་མངོན་འགྱུར་བྱུང་ནས། སྤྱི་བདེའི་ཁོངས་གཏོགས་སུ་རྒྱུགས་འཕྲོད། “ཆུང་བྱིས་པའི་དུས་ནས་མཐའ་མཚམས་སུ་འཚོ་བ་བསྐྱལ་བས་ཉིན་ལྟར་ཉེན་རྟོག་པ་མཐོང་སྐབས་ཁོང་ཚོར་ཡིད་སྨོན་ཆེན་པོ་སྐྱེས་ནས་ནར་སོན་རྗེས་མི་དམངས་ཉེན་རྟོག་པ་ཞིག་བྱེད་པའི་ཕུགས་བསམ་ཡོད”ཅེས་རྒྱལ་མཚན་ནོར་བུས་བརྗོད།

    ལྷོ་བྲག་རྫོང་ནི་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་གནས་པ་དང་སྔ་མོ་ནས་བཟུང“ལྷོ་ཕྱོགས་ཀྱི་བྲག་རི”ཞེས་འབོད་ཀྱི་ཡོད། དེ་འབྲུག་ཡུལ་རྒྱལ་ཁབ་དང་སྦྲེལ་བ་དང་ཁོངས་གཏོགས་ཁུལ་གྱི་མཐའ་མཚམས་ལམ་ཐིག་སྤྱི་ལེ་240ཟིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་580ཡོད། མཐའ་མཚམས་ལམ་ཐིག་ཐོག་གདོད་མའི་ནགས་ཚལ་སྟུག་པ་དང་། ཆར་ཆུ་འབེལ་བ། ས་ངོས་བཞའ་ཚན་ཆེ་བ། བྲག་རི་གཡང་གཟར་ཆེ་བ། ནགས་ཁྲོད་དུ་འབུ་སྲིན་དང་དོམ་སོགས་ཡོད་པས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

    གཞུང་ཞབས་པའི་རྒྱུགས་འཕྲོད་པ་ནས་བཟུང་། རྒྱལ་མཚན་ནོར་བུས་རང་འགུལ་ངང་རྩ་འཛུགས་ལ་མཐའ་མཚམས་སུ་སྐོར་གཡེང་དང་ལས་སྒྲུབ་བྱེད་པར་བསྐྱོད་རྒྱུའི་རེ་ཞུ་ཕུལ་ཡོད། ལས་སྒྲུབ་དང་མཐའ་མཚམས་སྐོར་གཡེང་བྱེད་པར་གཟའ་འཁོར་གཅིག་ལྷག་ཙམ་འགོར་གྱི་ཡོད། གང་ལགས་ཤེ་ན། གདོད་མའི་ནགས་ཚལ་ནང་ལམ་མེད་པས་རྐང་ཐང་མར་སྐྱོད་དགོས་པ་དང་གྲོད་པ་ལྟོགས་དུས་ལུས་ཐོག་ཏུ་འཁྱེར་བའི་ལམ་རྒྱགས་ནས་ཏོག་ཙམ་ཟ་བ་དང་མཚན་མོ་གུར་བརྒྱབ་ནས་སྡོད་དགོས་ཀྱི་ཡོད།

    2022ལོའི་ལོ་སྟོད་དུ་རྒྱལ་མཚན་ནོར་བུ་དང་ཁོང་གི་འཐབ་གྲོགས་ཚོས་མཐའ་མཚམས་སུ་ཟླ་4ཙམ་ལས་འགན་བསྒྲུབས་ནས་བསྡད། དེ་ཡང་ཟླ་2པའི་ཉིན་ཞིག་གི་ཐོ་རེངས་ལས་སྒྲུབ་ས་ཚིགས་སུ་གྲང་རླུང་འུར་འུར་དུ་ལྡང་བས་ཆུ་ཚོད་གཉིས་སོང་རྗེས་ལས་སྒྲུབ་ས་ཚིགས་གངས་ཀྱིས་བསྣུབས་ནས་གངས་གསོག་ཐེབས་ཚད་སྨི་2ལྷག་ཙམ་ཟིན་ཡོད།

    “ང་ཚོའི་ལས་སྒྲུབ་ས་ཚིགས་ནི་སྟབས་བདེའི་ལྕགས་ལེབ་ལས་གྲུབ་པ་ཞིག་ཡིན་པས་གནས་ཚུལ་དེ་མཐོང་སྐབས་བཅའ་སྲུང་བའི་སེམས་ནང་དངངས་སྐྲག་ཆེན་པོ་སྐྱེས། སྐབས་དེ་དུས་ང་རང་ལའང་དངངས་སྐྲག་ཆེན་པོ་སྐྱེས་བྱུང་། ཡིན་ནའང་ཏང་ཡོན་ཞིག་ཡིན་ལ་ལས་སྒྲུབ་རུ་ཁག་གི་འགན་འཁུར་བ་ཞིག་ཀྱང་ཡིན་པའི་ངོས་ནས་ངས་ངེས་པར་དུ་ངང་རྒྱུད་རིང་པོས་བཅའ་སྲུང་བར་སེམས་གསོ་གཏོང་དགོས”ཞེས་རྒྱལ་མཚན་ནོར་བུས་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད།

    ②ཧུར་བརྩོན་ཆེན་པོས་འགན་འཁྲི་ཡག་པོ་འཁུར་བ།

    2022ལོའི་ཟླ་བཅུ་པའི་ཟླ་མཇུག་ཏུ། ལྷོ་བྲག་རྫོང་ལ་གློ་བུར་དུ་ཁ་བ་ཆེན་པོ་བབས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས། སྐབས་དེར་རྒྱལ་མཚན་ནོར་བུས་སླར་ཡང་རྩ་འཛུགས་ལ་སྲས་ཤང་ཆུ་འཁྱིལ་སྨད་གྲོང་ཚོའི་མཚེར་སར་ཞིང་འབྲོག་མང་ཚོགས་དང་མཉམ་དུ་རོགས་སྐྱོབ་ཀྱི་ལས་ཀར་འགྲོ་རྒྱུའི་རེ་བ་བཏོན།

    ཆུ་འཁྱིལ་སྨད་གྲོང་ཚོའི་མཚེར་ས་ལྷོ་བྲག་རྫོང་གྲོང་དང་བར་ཐག་སྤྱི་ལེ་80ལྷག་ཙམ་ཡོད་པ་དང་། ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པ། ལ་སྟེང་དུ་རྒྱུན་དུ་གངས་གསོག་ཐེབས་ནས་རླངས་འཁོར་ཤར་བགྲོད་ཐུབ་ཀྱི་མེད། རྒྱལ་མཚན་ནོར་བུས་ཉིན་12བསྟུད་མར་འབད་འཐབ་བྱས་པས་ངོ་གདོང་ལ་རྨ་བཟོས་ཀྱང་རང་འགན་གཙང་སྒྲུབ་ངང་འགོ་ཁྲིད་ཀྱིས་སྤྲད་པའི་ལས་འགན་ཁག་ལེགས་སྒྲུབ་བྱས་པར་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད།

    “ང་ཚོ་མང་ཚོགས་ཚོའི་མིག་ནང་རྒྱལ་མཚན་ནོར་བུ་ནི་མཛའ་བརྩེ་ཆེ་ལ་གུས་བཀུར་ཞུ་འོས་པའི་མི་ཞིག་རེད། ཉེན་ཁ་འཕྲད་རིམ་བཞིན་མདུན་དུ་མཆོང་མཁན་དང་པོ་དེ་རེད”ཅེས་ཆུ་འཁྱིལ་སྨད་གྲོང་ཚོའི་བགྲེས་སོང་རྡོ་རྗེས་རྒྱལ་མཚན་ནོར་བུའི་སྐོར་གླེང་སྐབས་ཐུགས་རྗེ་ཆེ་ཞུ་སེམས་ཆེན་པོས་བཤད།

    ལོ་མང་རིང་། རྒྱལ་མཚན་ནོར་བུས་ལས་ཀ་ཧུར་ཐག་འབད་ཐག་དང་སླ་བཅོས་སྤུ་ཙམ་ཡང་མི་བྱེད་ལ་དཀའ་ངལ་གང་ལའང་འཛེམས་ཀྱི་མེད། འོན་ཀྱང་ནང་མིའི་སྐོར་གླེང་སྐབས་རྒྱལ་མཚན་ནོར་བུས་མགྲིན་པ་བརྣངས་བཞིན“ནང་མི་ཧ་ཅང་དྲན་པོ་འདུག ལྷག་པར་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ནང་མི་མཉམ་འཛོམས་བྱེད་པའི་སྐབས་སུ་དེ་བས་དྲན་པོ་འདུག འོན་ཀྱང་ལས་ཀའི་ངོ་བོའི་དབང་གིས་ང་རང་ནང་མི་དང་འཛོམས་ཐབས་བྲལ་བ་རེད། ཕ་མའི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ངའི་བཟའ་ཟླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོ་མོ་གཅིག་པུས་ཁྱིམ་ཚང་གི་འགན་ཚང་མ་འཁུར་བ་མ་ཟད། ད་དུང་སེམས་ཤུགས་ཡོད་རྒུས་ངའི་ལས་ཀར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ངའི་ལས་ཀར་གྲུབ་འབྲས་འདི་དག་ཐོབ་པ་ནི་ཁྱིམ་ཚང་གི་བསམ་ཤེས་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཕྱིས་སུ་ངས་མུ་མཐུད་ལས་ཀ་ཧུར་ཐག་བྱས་ཏེ་སེམས་ཆུང་དང་ཏན་ཏན་ཏིག་ཏིག་གིས་བྱ་བ་བསྒྲུབས་ནས་ཁོང་ཚོའི་རེ་བ་ཆུད་ཟོས་སུ་གཏོང་གི་མིན”ཞེས་བཤད།

    ③ལེགས་སྐྱེས་འབུལ་བཞིན་དམིགས་ཚད་ཧུར་ཐག་བསྒྲུབས་པ།

    ལས་ཀར་དཀའ་ངལ་དང་འགྲན་སློང་ག་ཚོད་འཕྲད་ཀྱང་རྒྱལ་མཚན་ནོར་བུས་ཕྱིར་བཤོལ་རྒྱག་མྱོང་མེད། ཁོང་གིས་རང་ཉིད་ཀྱི་ཧུར་བརྩོན་དང་འབད་བརྩོན་ལ་བརྟེན་ནས་ལས་རྗེས་འབུར་དུ་ཐོན་པ་མ་ཟད། སྔ་རྗེས་སུ་གཟི་བརྗིད་མཚན་སྙན་མང་པོ་ཐོབ།

    2023ལོར་རྒྱལ་མཚན་ནོར་བུར་རྒྱལ་ཡོངས་ཀྱི“གཞུང་ལས་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད། ཁོང་གིས་ཁེངས་སྐྱུང་ངང“ངས་ཀྱང་མཉམ་དུ་ལས་སྒྲུབ་བྱེད་མཁན་ལས་རོགས་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་རོགས་ཚོས་རྒྱབ་སྐྱོར་དང་ཐུན་མོང་ཐོག་འབད་བརྩོན་བྱས་པས་ང་ལ་ད་གཟོད་དེ་རིང་གི་མཚན་སྙན་ཐོབ་པ་རེད། གཟི་བརྗིད་མཚན་སྙན་དེ་ང་གཅིག་པུའི་མ་ཡིན་པར་ས་ཆ་དེར་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་མི་དམངས་ཉེན་རྟོག་པ་ཚང་མའི་རེད”ཅེས་བཤད་པ་རེད།

    འབྱུང་འགྱུར་སྐོར་གླེང་སྐབས་རྒྱལ་མཚན་ནོར་བུས“མཐའ་མཚམས་བརྟན་སྲུང་བྱ་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན་ལ་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་ཞིག་ཀྱང་རེད། སླད་ཕྱིན་གྱི་ངས་སེམས་ཆུང་ངང་གཞན་ལ་སློབ་སྦྱོང་བྱས་ནས་མི་ཚེའི་ལེགས་བཤད‘ལེགས་སྐྱེས་འབུལ་བཞིན་དཀའ་སྡུག་མི་བརྗོད། དམིགས་ཚད་འགྲུབ་བཞིན་རེ་སྙེག་མ་ཆད’ཅེས་པ་མུ་མཐུད་སྲུང་གི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།