དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • 2023ལོར་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་རིགས་ཁག་གི་ལག་བསྟར་གྱོད་གཞི་12600བདག་སྤྲོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    འདི་ནི་ལས་དོན་པས“རིག་ནུས་ཁྲིམས་ཁང”རྣམ་གྲངས་ཀྱི་གསར་སྣོན་མ་ལག་གི་སྒྲིག་ཆས་སྤྱོད་བཞིན་པ།

    ཟླ་1ཚེས་10ཉིན། ལྷ་ས་གྲོང་ཁྱེར་གྱིས་2023ལོའི་ཁྲིམས་ཁང་གི་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲཌ་ཚོགས་འདུ་འཚོགས་ནས། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་དང་ཡོན་ཀྲང་གཞོན་པ་ཚེ་རིང་ཕུན་ཚོགས་དང་ལོ་ཧུང་གིས་ཁག་སོ་སོར་2023ལོར་ལྷ་ས་ཁྲིམས་ཁང་གིས་གཅིག་འཐུས་རྣམ་པའི་རྩོད་གཞི་སྣ་ཚོགས་སེལ་བ་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་ཚུལ་དང་། དེ་བཞིན་ལྷ་ས་ཁྲིམས་ཁང་གི་ལག་བསྟར་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།

    “དབྱེ་འདུམ་ཁྲུན་ཞིབ”ཀྱི་ལམ་སྲོལ་སྒྱུར་བཅོས་བྱས་ནས་ལོ་ཧྲིལ་པོར་སྟབས་བདེའི་བརྒྱུད་རིམ་ལ་བརྟེན་ནས་གྱོད་གཞི་ཁག་6858སྒྲུབ་པ།

    2023ལོར། ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་དམིགས་ཏེ་འགག་སྒོ་མདུན་དུ་སྤོས་པ་དང་སྟོབས་ཤུགས་གཞི་རིམ་དུ་བསྒྲིལ་ཏེ་རྩོད་གཞི་དང་གཏུག་བཤེར་སྔོན་འགོག་ཧུར་ཐག་བྱས་པ་རེད། ལས་དོན་སྤེལ་རིང་། ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས“ཁང་གཉིས”ཀྱིས་གཞི་རིམ་ལ་ཁ་ཕྱོགས་པ་དང་། ཞིང་འབྲོག་ཁུལ་ལ་ཁ་ཕྱོགས་པ། མང་ཚོགས་ལ་ཁ་ཕྱོགས་པ་བཅས་ཀྱི་སྐར་ཁུང་གི་ནུས་པ་གང་ལེགས་བཏོན་ནས་ཞབས་འདེགས་ཞུ་་རྒྱ་ཆེ་རུ་བཏང་སྟེ། གཅིག་འཐུས་རྣམ་པའི་རྩོད་གཞི་འདུམ་འགྲིག་དང་ཞབས་ཞུ་གྲོང་གསེབ་དང་། སྡེ་ཁུལ། དྲ་མིག་བཅས་སུ་སྤེལ་བར་སྐུལ་འདེད་བཏང་བ་རེད།

    ཚེ་རིང་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་དོན། རྩོད་གཞི་དྲ་ཐོག་ནས་འདུམ་འགྲིག་བྱེད་པར་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་འདུམ་འགྲིག་ལས་སྟེགས“གྲོང་གསེབ་དང་། སྡེ་ཁུལ། དྲ་མིག་བཅས་སུ་ཁྱབ་པར”སྐུལ་འདེད་བཏང་སྟེ། འདུམ་འགྲིག་ཐོན་ཁུངས་དྲ་ཐོག་ཏུ་གཅིག་སྡུད་དང་བརྒྱུད་རིམ་ཧྲིལ་པོར་འགལ་བ་དང་རྩོད་གཞི་དྲ་ཐོག་ནས་འདུམ་འགྲིག་ཐུབ་ཡོད། 2023ལོར་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་དྲ་ཐོག་ནས་རྩོད་གཞི་ཁག་1908ཐག་གཅོད་བྱས་པ་རེད། དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ད་དུང“དབྱེ་འདུམ་ཁྲུན་ཞིབ”ཀྱི་ལམ་སྲོལ་སྒྱུར་བཅོས་མུ་མཐུད་བྱས་ནས། སྟབས་བདེའི་གོ་རིམ་དང་འདྲི་གཅོད་གཉིས་པས་འགན་གཙང་ཁུར་གྱི་འདྲི་ཞིབ་སྒྲིག་སྲོལ་བཏོན་པ་དང་། མྱུར་གཅོད་ཁྲིམས་རའམ་མྱུར་གཅོད་ཚོགས་ཆུང་བཙུགས་པ། གོ་རིམ་ཁག་བགོས་པ་བཀོད་སྒྲིག་དང་ཁྲིམས་རའི་འདྲི་གཅོད་བྱེད་སྟངས་སྟབས་བདེ་རུ་བཏང་བ་བཅས་བྱས་ཏེ།“སྟབས་བདེའི་གྱོད་གཞི་གང་མགྱོགས་ཞིབ་དཔྱད་དང་རྙོག་འཛིང་ཆེ་བའི་གྱོད་གཞི་ཞིབ་དཔྱད་ཞིབ་ཚགས”ཏན་ཏིག་ཐུབ་པ་རེད། 2023ལོར་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཁྱོན་སྟབས་བདེའི་ལས་རིམ་གྱི་གྱོད་གཞི་ཁག་6858དང་དངུལ་འབོར་ཉུང་བའི་གཏུག་བཤེར་གྱོད་གཞི་ཁག་3383སྒྲུབ་པ་རེད།

    ལག་བསྟར་བྱེད་སྟངས་གསར་གཏོད་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་པ།

    ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་མཉམ་འགུལ་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་གཏན་འཁེལ་བྱས་པ་ནས་བཟུང་། ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་གཏོད་རྒྱུ་ལག་བསྟར་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གཞི་རྩ་བརྟན་གཏོང་གི་འདུ་འགོད་ཅིག་ཏུ་བརྩིས་ནས། མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་དང་མཉམ་འགུལ་ཚན་པ་ཁག་གི་ལས་བགོས་རྒྱུན་ཆད་མེད་པར་ཞིབ་ཚགས་སུ་བཏང་སྟེ། མཉམ་འགུལ་ཚན་པ་ཁག་གིས་རང་འགན་རང་འཁུར་དང་། ནུས་ཤུགས་ཡོད་རྒུས་མཉམ་ལས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད། ལས་དོན་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་དང་། འདྲི་གཅོད། ལག་བསྟར་བཅས་ཀྱི་ལས་དོན་གྱི་མཐུན་སྦྱོར་གཞོགས་འདེགས་ཀྱི་ལམ་སྲོལ་སོ་སོར་བཙུགས་ནས་གྱོད་དོན་ཐོ་འགོད་དང་། འདྲི་གཅོད། ལག་བསྟར་བཅས་ཀྱི་ཆ་འཕྲིན་སྦྲེལ་མཐུད་ཤར་གཏོང་མི་ཐུབ་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། རྒྱུ་ནོར་འགན་སྲུང་ལ་བརྟེན་ནས་འདུམ་འགྲིག་དང་། ཞི་བས་མཐུན་འགྲིག ལག་བསྟར་བཅས་ལ་སྐུལ་འདེད་བཏང་སྟེ་འདུམ་འགྲིག་བྱེད་སྐབས་འགན་སྒྲུབ་དངོས་ལ་སྣང་ཆེན་དང་ཁྲིམས་གཅོད་བྱེད་སྐབས་ཕན་འབྲས་ལ་སྣང་ཆེན་བྱས་ནས། ཁྲིམས་ནུས་ཐོན་པའི་བཅའ་ཁྲིམས་ཀྱི་ཡིག་ཆ་བདེ་བླག་ངང་ལག་བསྟར་དང་དོ་བདག་གི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་ཡོང་བའི་འགན་ལེན་བྱས་པ། ལག་བསྟར་གོ་རིམ་ལ་ཞུགས་པའི་གྱོད་གཞི་འབྱུང་རྩ་ནས་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་ལག་བསྟར་རེ་ཞུ་བྱེད་མཁན་གྱི་ཁེ་དབང་སྟོང་ཟད་དུ་འགྲོ་བའི་ཉེན་ཁ་ཆུང་དུ་བཏང་བ་རེད། 2023ལོར་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་རིགས་ཁག་གི་ལག་བསྟར་གྱོད་གཞི་12600བདག་སྤྲོད་བྱས་པ་ལས། ལག་བསྟར་བྱེད་ཚད་88.28%ཟིན་པ་དང་། གནད་ལ་འཁེལ་བའི་ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་12.7ལྷག་ཙམ་ཟིན་ཡོད་པ་རེད།

    ལེགས་བསྡུས་ཞིབ་གཉེར་དང་ལས་ཆོད་ཆེན་པོས་གཏུག་བཤེར་ལས་དོན་བསྒྲུབས་ནས་12368གཏུག་བཤེར་ཐད་སྦྲེལ་ཁ་པར་འབྲེལ་མཐུད་བྱེད་ཚད་96.18%ཟིན་པ།

    2023ལོར། ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ས་ཆ་ཡག་ཤོས་དང་ཞབས་ཞུ་ཡག་ཤོས་མང་ཚོགས་ལ་མཁོ་འདོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་ཀུན་ཕན་ཆ་སྙོམས་དང་། སྟབས་བདེ་ནུས་ཆེ། རིག་ནུས་གནད་སྨིན་བཅས་ཀྱི་གཏུག་བཤེར་ཞབས་འདེགས་ཞུས་པ་རེད། ལེགས་བསྡུས་ཞིབ་གཉེར་དང་ལས་ཕྱོད་ཆེན་པོས་གཏུག་བཤེར་ལས་དོན་སྒྲུབ་ཆེད། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་གཏུག་བཤེར་ཞབས་ཞུའི་ནུས་པ་ཁྲིམས་ཁང་དེ་གར་རིམ་བཞིན་གཅིག་སྡུད་ཀྱིས་ལས་དོན་རང་བཞིན་གྱི་ལས་ཀའི་རྣམ་པ་འཚོལ་ཞིབ་བྱས་ནས་སྤྱི་ཚོགས་ཀྱི་ཞབས་ཞུ་ཉོ་སྒྲུབ་བྱས་ཏེ་མི་སེར་ལ་ས་ཚིགས་གཅིག་རང་ནས་ལས་དོན་བསྒྲུབས་ཐུབ་པར་བྱས་ཏེ་ཞུ་གཏུག་བྱེད་དཀའ་བའི་ཁུར་པོ་ཡང་དུ་བཏང་བ་རེད། ཚེ་རིང་ཕུན་ཚོགས་ཀྱིས། 2023ལོར་ལྷ་ས་གྲོང་ཁྱེར་12368ཀྱིས་ཐད་སྦྲེལ་ཁ་པར་གྱི་ཞབས་ཞུ་ཁག་3192བསྒྲུབས་པ་དང་ཁ་པར་འབྲེལ་མཐུད་བྱེད་ཚད་96.18%ཟིན་པ་དང་། ལེགས་བསྡུས་ཞིབ་གཉེར་སྐྱེལ་སྤྲོད་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་གྱོད་གཞི་ཁག་ཁྲི་2.49སྐྱེལ་སྤྲོད་བྱས་པར་མི་ཐེངས་ཁྲི་8.28ཟིན་པ་དང་། གློག་རྡུལ་སྐྱེལ་སྤྲོད་བྱེད་ཚད་90.84%ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གཏུག་བཤེར་ཞབས་ཞུའི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་ཆེད། 2023ལོར་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས“གྱོད་གཞི་ཡོད་ཚེ་ངེས་པར་དུ་ཐོ་འགོད་བྱེད་དགོས་པ་དང་། ཞུ་གཏུག་བརྒྱབ་ཚེ་ངེས་པར་དུ་བདག་སྤྲོད་བྱེད་པའི”དམ་བཅའ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། གྱོད་དོན་ཐོ་འགོད་མི་བྱེད་པ་དང་གྱོད་དོན་ཐོ་འགོད་ནར་འགྱངས་བྱེད་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་གཏན་འགོག་བྱས་པ་རེད། ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ལོ་ཧྲིལ་པོར་གྱོད་གཞི་ཁྲི་3.13ཐོ་འགོད་བྱས་པ་ལས་རང་སར་གྱོད་གཞི་ཐོ་འགོད་བྱེད་ཚད་97%ཟིན་ཡོད་པ་རེད།

    བཙན་ཤེད་དང་ཡ་རབས་གཉིས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་བ།

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་མ་དངུལ་མགྱོགས་མྱུར་ཚུར་བསྡུ་འགན་ལེན་བྱས་པ་དང་། རྩིས་བཤེར་དང་སྔོག་བཤེར་སོགས་ཀྱི་བྱ་ཐབས་ཁྲིམས་ལྟར་སྤྱད་དེ་2023ལོར་ཁེ་ལས་966ལ་མ་དངུལ་སྒོར་དུང་ཕྱུར་5.57མགྱོགས་མྱུར་ཚུར་བསྡུ་བྱས་པ་མ་ཟད། གཙོ་གནད་རྣམ་གྲངས་ཁྱབ་ཁོངས་ཀྱི་ལས་དོན་སྤེལ་རིང་གྲོང་ཁྱེར་སྲིད་གཞུང་དང་དེའི་འགན་ནུས་སྡེ་ཚན་ལ་ཐབས་འདོན་ཇུས་འབུལ་བྱས་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་སྒུལ་ནུས་ཆེན་པོ་བསྣན་པ་རེད། དེ་དང་ཆབས་ཅིག ལག་བསྟར་བྱེད་སྟངས་གསར་གཏོད་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས“དབང་ཆ་ཁག་བགོས་ལེགས་བསྡུས་ཅན”གྱི་ལག་བསྟར་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ནས་སྟབས་བདེ་བའི་གྱོད་གཞི་མགྱོགས་མྱུར་སྒྲུབ་པ་དང་རྙོག་འཛིང་ཆེ་བའི་གྱོད་གཞི་གནད་སྨིན་ངང་བསྒྲུབས་པ་རེད།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཁྲིམས་འཛིན་འགན་ནུས་ལ་གཞི་ཚུགས་ཏེ། སྣེ་མང་གི་འགྲེལ་བཤད་དང་གཏུག་བཤེར་ཞབས་ཞུ་གཏིང་ཟབ་ཏུ་འགྲོ་བར་མཉམ་འདྲེས་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི“འདུན་ཞུའི་འགན་ལེན”དོན་འཁྱོལ། མང་ཚོགས་ཀྱི“འདུན་ཞུའི་ཐབས་ལམ”ཤར་གཏོང་། ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ལག་བསྟར་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ལྷ་སའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།