2023ལོར་རྡོ་ཐ་ཀུང་སི་དང་སྤྱི་བདེ་ལས་ཁུངས་ཀྱིས་ལྗོངས་ཡོངས་ནས་རྡོ་ཐ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་191རྩད་ཆོད་པ།
འདི་ནི་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས《བོད་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་དང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་རྡོ་ཐ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་ཀའི་ལམ་སྲོལ》ལ་མིང་རྟགས་འགོད་བཞིན་པ།
མིག་སྔར་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་རྡོ་ཐ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་བཞུཌ་མོལ་ཚོཌ་འདུ་འཚོགས་པ་མ་ཟད། 《བོད་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་དང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་རྡོ་ཐ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་ཀའི་ལམ་སྲོལ》ལ་མིང་རྟགས་ཀྱང་བཀོད་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། 2023ལོར་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་མཉམ་དུ་འབད་བརྩོན་བྱས་རྗེས་ལྗོངས་ཡོངས་སུ་རྡོ་ཐ་དང་འབྲེལ་བ་ཡོད་པའི་གྱོད་གཞི་བསྡོམས་191རྩད་ཆོད་པ་དང་། དེའི་ནང་གྱོད་འབྲེལ་དངུལ་སྒོར་ཁྲི་5ཡན་གྱི་གྱོད་གཞི་66ཟིན་ཡོད་པ་རེད།
ལྷ་ས་ནས་ལྗོངས་ཡོངས་ཀྱི་རྒྱལ་སྤྱིའི་གྱོད་གཞི་ཆེ་གྲས་ཐོག་མ་དེ་རྩད་ཆོད་པ།
ཤེས་རྟོཌ་བྱུང་བར་གཞིགས་ན། 2023ལོར་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རོགས་རམ་འོག ལྗོངས་ཡོངས་ཀྱི་རྒྱལ་སྤྱིའི་གྱོད་གཞི་ཆེ་གྲས་ཐོག་མ་དེ་རྩད་ཆོད་ནས་གྱོད་འབྲེལ་ཐ་མག་རྫུན་མ་རྐང་ཁྲི་108.04རྩད་ཆོད་པ་དང་། གྱོད་འབྲེལ་དངུལ་སྒོར་ཁྲི་82.53ཟིན་གྱི་ཡོད། 2022ལོར་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་དང་སྤྱི་བདེ་པུས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་གཉིས་པར“2022ལོའི་རྒྱལ་ཡོངས་བསྒྲིལ་ཐ་རྫུན་མར་རྡུང་རྡེག་གཏོང་བའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སྤྲད་པ་རེད།
དེ་དང་དུས་མཚུངས་གློག་རྡུལ་ཐ་མག་གི་ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རིང་། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་མཉམ་དུ་གློག་རྡུལ་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། མཛོད་ཁང་1དང་གཉེར་སྐྱོང་བྱེད་ས་2ལ་སྒོ་ཐེམ་བརྒྱབ་པ། གློག་རྡུལ་ཐ་མག་གི་ཐོན་རྫས་8209རྩད་ཆོད་པ། “འོ་ཇའི་ཕོར་པ”དང“ཁུ་ནག་ལྕགས་ཀྲིན”སོགས་ན་སོ་དར་ལ་མ་བབས་པའི་མིས་ཐ་མག་འཐེན་པར་བསླུ་བྲིད་བྱེད་སླ་བའི་གློག་རྡུལ་ཐ་མག་གི་ཐོན་རྫས་1224རྩད་ཆོད་པ་བཅས་ཀྱི་གྱོད་འབྲེལ་དངུལ་སྒོར་ཁྲི་63ལྷག་ཙམ་ཟིན་གྱི་ཡོད། དེ་ཐོག་ནས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་རམ་འདེགས་ནུས་ལྡན་ཐུབ་ཡོད་པ་རེད།
“ཉེ་བའི་ལོ་ཤས་རིང་དྲ་སྦྲེལ་དང་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། ཁྲིམས་འགལ་ཉེས་གསོག་པའི་ཉེས་པ་གསོག་ཐབས་སྔར་བས་མངོན་མེད་ཅན་དུ་གྱུར་བཞིན་ཡོད། དེས་ང་ཚོར་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བའི་ཐད་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་ཡོད་པས་ངེས་པར་དུ་སྤྱི་བདེ་སོགས་སྡེ་ཚན་གཞན་དག་དང་གཞོགས་འདེགས་ཧུར་ཐག་བྱེད་དགོས་ཀྱི་ཡོད། 2023ལོར་ལྷ་ས་གྲོང་ཁྱེར་གྱི་རྡོ་ཐ་རྫུན་མ་དང་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ལས་དོན་ལ་གྲུབ་འབྲས་ཡག་པོ་དེ་འདྲ་ཐོབ་པ་དེ་སྤྱི་བདེ་གཙོ་བོར་བྱས་པའི་སྡེ་ཚན་ཁག་གི་རོགས་རམ་དང་ཁ་འབྲལ་ཐབས་མེད། གོམ་སྟབས་རྗེས་མར་ཁོངས་གཏོགས་ཁུལ་གྱི་བསྒྲིལ་ཐའི་ཁྲོམ་ར་བཅོས་སྒྲིག་བྱ་རྒྱུར་ལྟ་རྟོག་བྱེད་པ་དང་ཆབས་ཅིག་ང་ཚོས་སྤྱི་བདེ་དང་ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་འབྲེལ་གཏུག་དང་གཞོགས་འདེགས་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཚབས་ཆེན་ལ་མཉམ་དུ་རྡུང་རྡེག་གཏོང་གི་ཡིན”ཞེས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཙའུ་ཀྲེན་ཧྥང་གིས་བཤད།
རྡོ་ཐ་ཆེད་ཚོང་ཅུས་དང་སྤྱི་བདེ་ཅུས་ཀྱིས་མཉམ་དུ་རྡུང་རྡེག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།
2023ལོར་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས“དུས་ཆེན་གསུམ”དང“གློག་རྡུལ་ཐ་མག་གི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི”ཆེད་དོན་བྱ་སྤྱོད་མཉམ་དུ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “དུས་ཆེན་གསུམ”གྱི་ཆེད་དོན་བྱ་སྤྱོད་སྤེལ་རིང་། ལྗོངས་ཡོངས་ནས་རྡོ་ཐ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་52རྩད་ཆོད་པ་དང་དེའི་ནང་གྱོད་འབྲེལ་དངུལ་སྒོར་ཁྲི་5ཡན་ཟིན་པའི་གྱོད་གཞི་16ཟིན་གྱི་ཡོད། གྱོད་གཞི་དང་འབྲེལ་བ་ཡོད་པའི་བསྒྲིལ་ཐ་རྐང་ཁྲི་527རྩད་ཆོད་པའི་གྱོད་འབྲེལ་དངུལ་སྒོར་ཁྲི་626ཟིན་པས། ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྐབས་རིམ་བྱུང་གི་ཆེད་དོན་བྱ་སྤྱོད་ཀྱི་རྫུན་མ་དང་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་གྲུབ་འབྲས་གསར་པ་བཏོད་པ་མ་ཟད། རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཆེད་དོན་བྱ་སྤྱོད་ཀྱི་བྱ་དགའ་ཡང་ཐོབ་ཡོད།
“2023ལོར་ལྗོངས་ཡོངས་ནས་རྡོ་ཐ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་191རྩད་ཆོད་པ་དང་། དེའི་ནང་སྒོར་ཁྲི་5ཡན་གྱི་གྱོད་གཞི་66ཟིན་པ་དེ་དུས་མཚུངས་ལས་57%འཕར་ཡོད། གྱོད་འབྲེལ་གྱི་བསྒྲིལ་ཐ་རྐང་ཁྲི་1286ཞིབ་བཤེར་ཐུབ་པ་དེ་དུས་མཚུངས་ལས་124%འཕར་བ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་1641ཟིན་པ་དེ་དུས་མཚུངས་ལས་159%འཕར་བ། གློག་རྡུལ་ཐ་མག་གི་ཐོན་རྫས་10466རྩད་ཆོད་པའི་གྱོད་འབྲེལ་རིན་གོང་སྒོར་ཁྲི་66.36ཟིན་པ། གོང་རིམ་ལ་སྒོར་ཁྲི་276འཇལ་བ་དེ་དུས་མཚུངས་ལས་87%འཕར་བ། མི་3ལ་ཁྲིམས་ཐག་བཅད་པ་བཅས་བྱས་པས་ལྗོངས་ཡོངས་ཀྱི་རྡོ་ཐ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་དང་ཟིལ་གྱིས་མནན་ཡོད། གྲུབ་འབྲས་དེ་དག་ཐོབ་དོན་ནི་གཅིག་ནས་རྡོ་ཐ་དང་སྤྱི་བདེ་མཉམ་འབྲེལ་ཁྲིམས་སྒྱུར་གྱི་ནུས་ཤུགས་གང་ལེགས་མངོན་པ་དང་། ཕྱོགས་གཞན་ཞིག་ནས་རྡོ་ཐ་དང་འབྲེལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཐད། རྡོ་ཐ་ཆེད་ཚོང་ཅུས་ལ་སྤྱི་བདེ་སྡེ་ཚན་གྱི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་དགོས་པ་གང་ལེགས་མངོན་གྱི་ཡོད”ཅེས་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཏང་ཨུད་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་དོན་གྲུབ་ཀྱིས་བརྗོད།
ལྗོངས་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་གྲུབ་འབྲས་སྲ་བརྟན་དུ་བཏང་བ།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས《བོད་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་དང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་རྡོ་ཐ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་ཀའི་ལམ་སྲོལ》ལ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་དང་སྤྱི་བདེ་པུའི་2022ལོའི་རྒྱལ་ཡོངས་ཀྱི་བསྒྲིལ་ཐ་རྫུན་མར་རྡུང་རྡེག་གཏོང་བའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་སྤྲད་པ། ལྗོངས་ཡོངས་ཀྱི་2023ལོར་གྱོད་གཞི་ཚབས་ཆེན་རྩད་ཆོད་པའི་སྔོན་ཐོན་ཚན་པ་དང་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་སྤྲད་པ་བཅས་བྱས་ཡོད།
གསར་འགོད་པས“རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་དང་སྤྱི་བདེ་པུའི་2022ལོའི་རྒྱལ་ཡོངས་ཀྱི་བསྒྲིལ་ཐ་རྫུན་མར་རྡུང་རྡེག་གཏོང་བའི་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་མཁན་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ལས་མི་བསོད་ནམས(གྱུར་མིང)ལ་བཅར་འདྲི་བྱས་པ་ཡིན། ཁོང་གིས“ད་རེས་བྱ་དགའ་ཐོབ་པ་དེ་ནི་རང་ཉིད་ལ་སྐུལ་ལྕག་བྱས་པ་ཞིག་ཡིན་པ་དང་དུས་མཚུངས་ང་དང་ལས་རོགས་ཚོའི་འདས་ཟིན་པའི་ལོ་འགའི་ནང་གི་ལས་ཀར་ཁས་ལེན་བྱས་པ་ཞིག་ཡིན་པས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། བསྒྲིལ་ཐ་རྫུན་མ་འཚོང་བ་དང་ལྐོག་ཚོང་བྱེད་པའི་གྱོད་གཞི་རེ་རེ་རྩད་ཆོད་བྱེད་ཐེངས་རེར་རང་ཉིད་ལ་སེམས་གསོ་དང་དཀའ་ལས་བརྒྱབ་པར་རྒྱག་རིན་བྱུང་སོང་སྙམ་གྱི་འདུག རྗེས་སུ་ངས་མུ་མཐུད་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་སྒོའི་རྩལ་ནུས་ཟམ་མི་ཆད་པར་མཐོ་རུ་བཏང་ནས་རྡོ་ཐའི་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་གི་ཁྱབ་ཁོངས་གསར་པར་རྡུང་རྡེག་གཏོང་བར་ཚད་བརྒལ་གསར་པ་ཡོང་བར་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བཤད།
གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་བསྒྲིལ་ཐ་རྫུན་མ་དང་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཁྲོམ་ར་ལྟ་འདོམས་ལས་དོན་ཁྲོད་ཀྱི་གྲངས་འཛིན་ནུས་པ་ཆེ་རུ་གཏོང་རྒྱུ་རེད། “སླད་ཕྱིན་གྱི་ལས་དོན་ནང་ང་ཚོས་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་དང་སྤྱི་བདེ་པུའི་འཐབ་ཇུས་བཀོད་སྒྲིག་མུ་མཐུད་ལག་ལེན་ནན་པོ་བསྟར་ཏེ་ས་སྲུང་འགན་འཁྲི་ཡོད་པ་དང་། ས་སྲུང་འགན་འཁྲི་འཁུར་བ། ས་སྲུང་འགན་འཁྲི་སྒྲུབ་པ་བཅས་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་མཉམ་ལས་དེ་བས་མང་བ་འཚོལ་ཞིབ་བྱས་པ་མ་ཟད། ས་ཁོངས་གཅིག་ལ་གཟི་བརྗིད་བརྩོན་ལེན་དང་ཁྱོན་ཡོངས་ལ་ཕན་པ་དེ་བས་ཐོབ་པར་བྱས་ནས་རྡོ་ཐ་ཆེད་ཚོང་ཅུས་དང་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་དུ་རྡོ་ཐ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་ཀའི་ལམ་སྲོལ་འཁོར་སྐྱོད་མཐར་ཕྱིན་བྱེད་པ་དང་། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་རྡོ་ཐའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན” ཞེས་དོན་གྲུབ་ཀྱིས་བརྗོད།