དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་དམིགས་བསལ་སྒྲིག་ཆས་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    ལྷ་ས་གྲོང་ཁྱེར་གྱིས་དམིགས་བསལ་སྒྲིག་ཆས་ལ་ཞིབ་བཤེར་བྱས་པ། དམིགས་བསལ་སྒྲིག་ཆས་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྣ་ཚོགས་སྔོན་འགོག་བྱ་ཆེད། ལྷ་ས་གྲོང་ཁྱེར་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་མི་ཚོགས་མང་སར་དམིགས་ནས་ཁྲོ་ཐབ་དང་། རོལ་རྩེད་སྒྲིག་བཀོད་ཆེ་གྲས། སོལ་རླངས་དབུགས་རིལ་བཅས་ལ་གཙོ་གནད་དུ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲེང་ཀོན་ཆུས་ཀྱི་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་གྲོང་ཁུལ་གྱི་མི་མང་པོ་འགྲོ་སའི་རོལ་རྩེད་ཁང་དང་ཚོང་ར་ཆེ་གྲས་ཀྱི་ཁྲོ་ཐབ་དང་གློག་སྐས་སོགས་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དམིགས་བསལ་སྒྲིག་ཆས་སྤྱོད་མཁན་ཚན་པ་275ཡི་དམིགས་བསལ་སྒྲིག་ཆས་432ལ་ཞིབ་བཤེར་བྱས་པར་མངོན་མེད་རྐྱེན་ངན་གྱི་གནད་དོན་ཁག་27ཤེས་རྟོགས་བྱུང་བའི་ནང་ནས་གནད་དོན་ཁག་24བཅོས་སྒྲིག་བྱས་པ་རེད། འདི་ནི་ཁྲིམས་འཛིན་པས་ཉིན་རེའི་ཁྲོ་ཐབ་བདག་སྐྱོང་གི་ཟིན་ཐོ་བཤེར་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།