ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས།
ལས་དོན་ཁག་ལྔ་ཡག་པོ་བསྒྲུབས་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།
སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་སྔར་བས་ལེགས་པ་གཏོད་ཆེད། ཉེ་ཆར། ཟངས་རི་རྫོང་ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས་གཅིག་སྡུད་ཐོག་འཚོལ་བསྡུ་དང་། བཅོས་སྒྲིག། འདུམ་འགྲིག དྲིལ་བསྒྲགས། དྲོ་སྐྱིད་སྦྱིན་པ་བཅས་ཀྱི་ལས་དོན་ཁག་ལྔ་ཡག་པོ་བསྒྲུབས་པ་དང་། བྱེད་སྒོ་སྤེལ་ཡུལ་ཁག་གི་ཕྱོགས་མིའི་ཞབས་ཞུའི་དོ་དམ་ལས་དོན་ཏན་ཏིག་སྤེལ་ཏེ། འགལ་བ་གཞི་རིམ་ནས་བསལ་བ་དང་ཆུང་ས་ནས་མེད་པར་བཟོས་ཏེ། དུས་བདེ་དང་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཡག་པོ་བཏོད་ཡོད།
འཚོལ་བསྡུའི་ལས་དོན་ཡག་པོ་སྤེལ་ཞིང་། མངཊ་གཏོང་ཁང་གིས་མཐིལ་རྟོགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་ལ་སྐྱོད་པའི”ལས་དོན་གཞི་རྟེན་དུ་བྱས་ཏེ། མི་དམངས(ལས་རོགས)ཉེན་རྟོག་པས་ཡུག་ཁུལ་གཞིར་བཟུང་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་དང་། ངོ་ཐུག་གདོང་འཕྲད་ཀྱིས་གཞི་རྩའི་ཆ་འཕྲིན་ཐོ་འགོད། དུད་ཚང་དང་མི་གཅིག་ཀྱང་མི་ལུས་པ་བཅས་བྱས་ཏེ། སྡེ་ཁུལ་དྲ་མིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། དེ་དང་དུས་མཚུངས། དྲ་མིག་དོ་དམ་པ་དང་དུད་སྦྲེལ་སྤྱི་མི་སོགས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཕྱོགས་ཡོངས་ལ་གྲལ་བཤེར་བྱས་པས། ཁོངས་གཏོགས་ཁུལ་གྱི་ཕྱོགས་མིའི་གཞི་གྲངས་དང་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་ནས་དོ་དམ་ཐད་ཁུག་ཆ་ལུས་མེད།
བཅོས་སྒྲིག་ཡག་པོ་བྱས་ཤིང་། མངགས་གཏོང་ཁང་གིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་བོགས་གཏོང་ཁང་པ་དང་། མགྲོན་ཁང་། ཨར་སྐྲུན་བྱ་ཡུལ་སོགས་ཕྱོགས་མི་འདུས་སྡོད་ཁུལ་ལ་གཅིག་སྡུད་ཐོག་གཙང་བཤེར་བྱེད་པ་དང་།“ཁྱིམ་དུ་སྐྱོད་པ་དང་། ཐུག་འཕྲད་བྱེད་པ། དངོས་པོར་ཞིབ་བཤེར་བྱེད་པ། དོགས་གནད་འདྲི་བ”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང“ཕྱོགས་ཡོངས་ལ་ཁྱབ་པའི”མཐིལ་རྟོགས་གྲལ་བཤེར་བྱས་ཡོད། མི་སྣའི་ཆ་འཕྲིན་ཐོ་འགོད་གསལ་པོ་མེད་པ་གཙོ་གནད་ཐོག་ཞིབ་བསྡུར་བྱེད་པ་དང་། ཆ་འཕྲིན་ལ་འགྱུར་ལྡོག་བྱུང་བ་དུས་ཐོག་ཏུ་ཕབ་འཇུག་བྱེད་པ། གྲངས་གཞི་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་མིར་དོ་དམ་བྱེད་པའི་ལས་དོན་གྱི་དངོས་ཕན་རང་བཞིན་དང་གནད་འཁེལ་རང་བཞིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། དེ་དང་ཆབས་ཅིག་བོགས་གཏོང་ཁང་པའི་མེ་ཟོན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གློག་དང་། མེ། སོལ་རླངས་བཅས་སྤྱོད་སྟངས་ཀྱི་བདེ་འཇགས་ལ་ཞིབ་བཤེར་དང་། བོགས་གཏོང་ཁང་པའི་ནང་གློག་སྐུད་གང་བྱུང་ཁྲིད་པ་དང་། དངོས་ཟོག་ཟང་ཟིང་དུ་སྤུངས་པ། ཁང་པའི་ནང་གློག་སྒུལ་སྦག་སྦག་ལ་གློག་གསོག་པ་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་བྱས་ཏེ། རང་སར་བཅོས་སྒྲིག་གི་བསམ་འཆར་འདོན་པ་དང་འབྲེལ། དུས་བཀག་ནང་བཅོས་སྒྲིག་བྱེད་དུ་བཅུག་ནས། སྡོད་གནས་ཁོར་ཡུག་གི་བདེ་འཇགས་འགན་ལེན་བྱས་པ་རེད།
འདུམ་འགྲིག་གི་ལས་དོན་ཡག་པོ་སྤེལ་ཞིང་། “མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་དང་ལྷག་ཆེ་གེ་མོའི་དབར་གྱི་ལོ་མང་གི་མཛའ་མཐུན་རྒྱུན་མཐུད་ཐུབ་སོང”ལོ་འགོར་ཁོངས་གཏོགས་ཁུལ་གྱི་མང་ཚོགས་བསོད་ཆེ་གེ་མོ་དང་ཁོང་གི་གྲོགས་པོ་ལྷག་ཆེ་གེ་མོའི་དབར་དོན་དག་ཙག་ཙིག་རྐྱེན་གྱིས་རྩོད་པ་ཤོར་བ་་རེད། མི་དམངས་ཉེན་རྟོག་པས་སྡེ་ཁུལ་དང་ཁྲིམས་འཛིན་ཁང་གི་ལས་དོན་མི་སྣ་དང་དྲ་མིག་དོ་དམ་པ་བཅས་དང་མཉམ་དུ་སྒོ་རྩར་འདུམ་འགྲིག་བྱེད་པར་བསྐྱོད་དེ་གནས་ལུགས་རྒྱུ་མཚན་དྲངས་པས་མཐར་ཕྱོགས་གཉིས་པོའི་་དབར་གྱི་འགལ་ཟླ་བསལ་བ་རེད། མི་དམངས་ཉེན་རྟོག་པས་རྟག་ཏུ་ཁོངས་གཏོགས་ཁུལ་དང་གྲོང་ཚོ(སྡེ་ཁུལ)ཁག་ཏུ་བསྐྱོད་དེ་བཅར་འདྲི་བརྟག་དཔྱད་དང་སྒོ་རྩར་བསྐྱོད་དེ་ཞིབ་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། གཅིག་སྡུད་ཐོག་གྲལ་བཤེར་གཙང་བཤེར་དང་ཕུགས་ཕན་དོ་དམ་བྱེད་སྟངས་བརྒྱུད་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ། གནད་དོན་གྱི་མངོན་མེད་རྐྱེན་ངན་འོས་འཚམ་ངང་སེལ་ཐུབ་པ་དང་བཅོས་སྒྲིག་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་པ་དང་། བརྟན་ལྷིང་མེད་པའི་རྒྱུ་རྐྱེན་གཞི་རིམ་དུ་སེལ་བ་དང་གནད་དོན་ཆུང་ས་ནས་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
དྲིལ་བསྒྲགས་ཀྱི་ལས་དོན་ཡག་པོ་སྤེལ་ཞིང་། “ཕྱིར་སྐྱོད་ཚེ་སྒོ་དང་སྒེའུ་ཁུང་ཡག་པོ་བརྒྱབ་ནས་མི་སྒེར་གྱི་དངོས་པོར་དོ་དམ་ཡག་པོ་བྱེད་དགོས” “བྲིན་རྫུའི་ཁེ་ཕན་རགས་ཐབས་ལ་ཡིད་ཆེས་བྱེད་མི་རུང་། དེ་ནི་ཁ་བསླུས་རྒྱག་སྟངས་ཞིག་རེད”ཕྱོགས་མིའི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། མངགས་གཏོང་ཁང་གིས་སློབ་གསོའི་བྱེད་སྒོ་སྤེལ་ནས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁ་བསླུས་ལ་འགོག་ཟོན་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས། ཕྱོགས་མིའི་རང་སྲུང་དང་། རང་རོགས། རང་སྐྱོབ་བཅས་ཀྱི་འཇོན་ཐང་ཆེ་རུ་བཏང་བས། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པ་དང་ཕྱོགས་མིའི་དབར་ཕན་ཚུན་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱེད་ཐུབ་ཡོད།
དྲོ་སྐྱིད་སྦྱིན་པའི་ལས་དོན་ཡག་པོ་སྤེལ་ཞིང་། “ལས་སྒོ་དེ་མངགས་གཏོང་ཁང་གི‘གཅིག་འཐུས་རྣམ་པའི’ཞབས་ཞུའི་ཚོམས་ཆེན་ནས་གཉེར་ཆོག་གི་ཡོད་ལ། ཁྱེད་ཀྱིས་ད་དུང་ངའི་ཁ་པར་ཨང་གྲངས་བརྒྱུད་སྐད་འཕྲིན་གསར་སྣོན་བྱེད་ཆོག དེ་འདྲ་བྱས་ཚེ་སླད་ཕྱིན་དོན་དག་ཡོད་ན་ང་འཚོལ་བདེ”ཞེས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད། མངགས་གཏོང་ཁང་གི་གྲོང་ཚོ་འགན་ལེན་གྱི་མི་དམངས་ཉེན་རྟོག་པ་ཚོས“སྐད་འཕྲིན་ཉེན་དོན་ཁང”བཙུགས་ནས་མང་ཚོགས་ཀྱིས་སྐད་འཕྲིན་བརྒྱུད་མི་དམངས་ཉེན་རྟོག་པར་གནད་དོན་སྣ་ཚོགས་སྐད་ཆ་དྲི་ཆོག་གི་ཡོད།