དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་རྩལ་ནུས་དང་འཇོན་ཐང་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    ཉེ་ཆར། ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གིས་སྨན་གླིང་གྲོང་ཁྱེར་དུ་མི་དམངས་དྲག་ཆས་པུའུ་དངོས་གཞི་ཅན་འཛུགས་སྐྱོང་གི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས། “ཚད་ཤིང་འཛུགས་པ་དང་། ཚད་གཞི་ཁ་གསལ་བཟོ་བ། ཧེ་བག་དང་ཞིབ་བསྡུར་བྱེད་པ། ངེས་གནས་ཡང་དག་འཚོལ་བ། བསམ་ཕྱོགས་ཁ་གསལ་བཟོ་བ། འགན་འཁྲི་ནན་དུ་གཏོང་བ”བཅས་གཞི་རྩའི་དམིགས་ཚད་དུ་བྱས་ནས། ཡུལ་དངོས་སུ་ལྟ་སྦྱོང་དང་། གཙོ་གནད་དང་དཀའ་གནད་ཀྱི་རིག་ཚན་དཔེ་སྟོན། ཉམས་མྱོང་སྤེལ་རེས། རྗེས་མཐུད་དཔྱད་བསྡུར་སོགས་ཀྱི་རྣམ་པ་བརྒྱུད། ཡན་ལག་དམག་ཁུལ་ཁང་དེའི་མི་དམངས་དྲག་ཆས་པུའུ་ཁག་གིས་དངོས་གཞི་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་དམ་འཛིན་ཏན་ཏིག་བྱེད་པར་དཔེ་སྟོན་དང་དཔྱད་གཞི་མཁོ་འདོན་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད། 

    འདི་ནི་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཚོས་གཡུལ་སར་མྱུར་སྐྱོབ་བྱེད་སྟངས་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཚོས་དྲག་རྩལ་མཉམ་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།