དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མཐུན་སྒྲིལ་འབད་འཐབ་བྱས་ནས་དགུན་དུས་ཀྱི་དྲོ་སྐྱིད་ཚོར་བ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཉེན་རྟོག་པ་དང་མེ་ཟོན་ཉེན་རྟོག་པའི་མཉམ་འབྲེལ་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ། མེ་ཟོན་རོགས་སྐྱོབ་པའི་ལས་ཀའི་སྤྲོ་སེམས་འཕེལ་བར་བྱེད་པ། དཔུང་ཁག་གི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ། མེ་ཟོན་གྱི་ཉམས་འགྱུར་གང་ལེགས་མངོན་པར་བྱེད་པ་བཅས་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་གདན་ཞུས་ལྟར་རྫོང་སྤྱི་བདེ་ཅུས་ལ་སྐྱོད་ནས་ས་གནས་དེ་གའི་མི་དམངས་ཉེན་རྟོག་པ་དང་ཐག་འཐེན་འགྲན་བསྡུར་བྱས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་རིང་རུ་ཆེན་མེ་ཟོན་རོགས་སྐྱོབ་པ་དང་ས་གནས་སྤྱི་བདེ་ལས་བྱེད་ཉེན་རྟོག་པའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། སླད་ཕྱིན་མཉམ་ལས་ཧུར་ཐག་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་སྤྱི་བདེ་ཅུས་ཀྱི་གོ་མཚོན་དང་སྒྲིག་ཆས་ལ་ལྟ་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་སྤྱི་བདེ་ཅུས་ཀྱི་གོ་མཚོན་དང་སྒྲིག་ཆས་ལ་ལྟ་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་སྤྲོ་སྣང་ལྡན་པའི་རོལ་རྩེད་རྩེ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།