དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་བཙོག་དངུལ་ཕྱིར་སློག་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    འདི་ནི་བཙོག་དངུལ་ཕྱིར་སློག་བྱ་ཡུལ་ཡིན་པ།

    ཚེས་10ཉིན་ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་བཙོག་དངུལ་ཕྱིར་སློག་གི་བྱེད་སྒོ་སྤེལ་ནས། ས་གནས་ས་ཐོག་ཏུ་གནོད་འཚེ་ཕོག་མཁན་ལ་གྱོད་འབྲེལ་མ་དངུལ་སྒོར་ཁྲི་12.69ཕྱིར་བསློགས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་མང་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་ཏང་ཨུད་ཀྱི་ཨུ་ཡོན་ཁྲུའུ་ཀྲང་གཞོན་པ་ཀོན་ཡའོ་ཀྲེང་གིས་གནོད་འཚེ་ཕོག་མཁན་ཚོར་སླད་ཕྱིན་དོགས་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། “གནམ་ནས་བག་ལེབ་ཟགས་མི་སྲིད་པའི”གནས་ལུགས་བློ་ལ་བརྟན་པོར་ངེས་ཏེ་མགོ་བདེ་པོའི་ཞྭ་མོ་བརླགས་པའི་དཔེ་ལྟར་སྤྱང་མདོག་བྱས་ན་དྲ་རྒྱའི་མགོ་སྐོར་འོག་ཚུད་ཉེན་ཆེ་བའི་དྲན་སྐུལ་བྱས་པ་དང་སྦྲགས། རྒྱ་ཆེའི་མང་ཚོགས་ཚོར་གྱོད་གཞི་དེ་དཔྱད་གཞིར་བཟུང་ནས་མགོ་སྐོར་འོག་མི་ཚུད་པ་དང་སྔོན་འགོག་གི་འཇོན་ཐང་ཆེ་རུ་བཏང་སྟེ། རང་ཉིད་ཀྱི་དངུལ་ཁུག་ཡག་པོ་བསྲུངས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་མཁན་ལ་གོ་སྐབས་གཏན་ནས་སྤྲོད་རྒྱུ་མེད་པའི་རེ་བ་ཡང་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ཚུན་ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། སྤྱི་བདེའི་འགན་གཙོ་ལས་གཙོ་ལ་དམིགས་ནས་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། ད་ཐེངས་ཀྱི་བཙོག་དངུལ་ཕྱིར་སློག་བྱེད་སྒོ་ལས་ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་བའི་གྲུབ་འབྲས་དང་ཆོད་སེམས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།