དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉེན་རྟོག་པ་དང་མི་དམངས་བློ་སེམས་གཅིག་མཐུན་གྱིས་མཐའ་མཚམས་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གམ་པ་མཐའ་མཚམས་མངགས་གཏོང་ཁང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་འཐབ་སའི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ། ཉེན་རྟོག་པ་དང་ས་གནས་མཉམ་སྐྲུན་ཐད་བྱ་ཐབས་དངོས་འདོན་པ། གཞི་རིམ་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་དངོས་སྒྲུབ་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་མཉམ་གཏོད་དང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་མཉམ་དུ་སྦྱོང་བ། ལེགས་ཆའི་ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལེའུ་ཧུར་ཐག་བརྩམས་ཡོད་པ་རེད། འདི་ནི་ཉེ་ཆར་གམ་པ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་གདན་དྲངས་ཏེ་དགྱེས་རུ་གྲོང་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རིག་གནས་བར་ཁྱམས་ལ་མཉམ་དུ་ལྟ་སྐོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།