དབུ་ཤོག>ཁྲིམས་ལུགས།
  • སྨར་ཁམས་རྫོང་གི་གྲོང་གསེབ་ཀྱི་བདེ་སྐྱིད་གླིང་ཐོག་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

     ཉེ་ཆར། སྨར་ཁམས་རྫོང་གི་གྲོང་གསེབ་ཀྱི་བདེ་སྐྱིད་གླིང་ཐོག་མ་སྟེ། ཆུ་ཚན་ཁ་ཤང་ཟླ་ཤོད་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་གླིང་སྤྱོད་འགོ་ཚུཌ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཚན་ཁ་ཤང་ཟླ་ཤོད་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་གླིང་ལ་ཁྱོན་མ་དངུལ་སྒོར་ཁྲི་300ལྷག་ཙམ་བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་500ཟིན་པའི་ནང་ཏང་འཛུགས་སྐྱོང་གི་བྱེད་སྒོ་ཁང་དང་། རྒན་རྒོན་གྱི་བྱེད་སྒོ་ཁང་། བྱིས་པའི་སློབ་སྦྱོང་ཁང(དཔེ་དེབ་ཁང)ཁྱིམ་ཚང་གི་གཏུམ་སྤྱོད་འདུམ་འགྲིག་ཁང་། སྨན་བཅོས་ཁང་སོགས་བསྐྲུན་ཡོད།

    ཟླ་ཤོད་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེས་གསར་འགོད་པར། “ཟླ་ཤོད་གྲོང་ཚོར་མིག་སྔར་ལོ་60ཡན་གྱི་རྒན་རྒོན་80ལྷག་ཙམ་ཡོད། དེ་སྔ་གྲོང་ཚོའི་ནང་རྒན་རྒོན་རྣམས་སྤྲོ་སྐྱིད་གཏོང་ས་མེད། ད་ཆ་བདེ་སྐྱིང་གླིང་དུ་རིན་མི་དགོས་པར་བཏུང་བྱ་ཡོད་པ་དང་། མཱ་ཅང་། ཏག་སེ། ཤོ་སོགས་རོལ་རྩེད་སྒྲིག་ཆས་ཡོད་པས་རྒན་རྒོན་ཚོའི་འཚོ་བའི་སྤུས་ཚད་ཇེ་མཐོར་ཕྱིན་ཡོད”ཅེས་བརྗོད།

    སྨར་ཁམས་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་བྱམས་པ་དོན་ཡོད་ཀྱིས། གྲོང་གསེབ་ཀྱི་བདེ་སྐྱིད་གླིང་སྐྲུན་ཤུགས་ཆེ་རུ་དང་ཞབས་ཞུའི་སྤུས་ཚད་མཐོར་གཏོང་གི་ལས་གྲྭ་མུ་མཐུད་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་རྒན་རྒོན་རྣམས་ཁྱིམ་གྱི་སྒོ་རྩར་བདེ་སྐྱིད་ལྡན་པའི་རྒན་གསོ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།