དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་ཁྲིམས་ཁང་གིས་ཁྲིམས་འཛིན་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་དང་ཡོན་ཀྲང་གཞོན་པ་བསོད་ནམས་སྐྱིད་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཕྱོགས་མང་གི་ཁྲིམས་འཛིན་འདྲི་གཅོད་ལས་དོན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་ལ་ཞབས་འདེགས་དང་འགན་ལེན་བྱེད་པའི་ལས་དོན་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང“རི་གཉིས”ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འཐབ་ཇུས་ལས་འགན་ལ་དམིགས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་སྲོལ་ཡིག》དང་《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་སྐོར་གྱི་གཏན་འབེབས》དང་དེའི་ལག་བསྟར་བསམ་འཆར་དོན་འཁྱོལ་ཏན་ཏིག་བྱས་ནས་ཁྲིམས་མཐུན་དང་། དྲང་གཞག ནུས་ཆེ་བཅས་ཀྱིས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་སྣ་ཚོགས་འདྲི་ཞིབ་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱས་ཡོད།

    《ལྗོངས་ཡོངས་ཀྱི་ཁོར་ཡུག་ཐོན་ཁུངས་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་གསར་གཏོད་དང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་རམ་འདེགས་བྱེད་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་བསམ་འཆར》དང《ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“དོན་ཆེན་བཞི”ལ་སྔར་བས་དམིགས་པ་དང“འཛུགས་གཏོད་བཞི”ལ་ཞབས་ཞུ་འགན་ལེན་བྱེད་པའི་ལག་བསྟར་བསམ་འཆར》སྔ་རྗེས་སུ་བཟོས་ཏེ། དེ་བས་སྤྱི་ཡོངས་རང་བཞིན་གྱི་ལམ་ལུགས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཁྲིམས་འཛིན་གྱིས་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་ཡོད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་རིགས་ཀྱི་འདྲི་གཅོད་དང་པོའི་གྱོད་གཞི་245ལ་འདྲི་ཞིབ་བྱས་ཟིན་ཞིང་། ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་དོན་གྱོད་གཞི་42ལ་འདྲི་ཞིབ་བྱས་ཟིན་པ་དང་། ཞུ་སྦྱོར་ཕྱི་མ་94ལ་ཉེས་དོན་འགན་འཁྲི་བདའ་འདེད་བཏང་ཡོད། གུ་ཡངས་དང་ནན་པོ་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་དང་སླར་གསོའི་རང་བཞིན་གྱི་ཁྲིམས་འཛིན་འདུ་ཤེས་ལག་བསྟར་བྱས་ཏེ་ནག་ཉེས་དང་ཉེས་ཆད་ངོས་ལེན་ཞུ་བ་དང་། སྐྱེ་ཁམས་སླར་གསོའི་གྲོན་དངུལ་རང་རྟོགས་ངང་འཇལ་བ། སྔོ་འགྱུར་སླར་གསོ། འོས་འགན་ངལ་རྩོལ་བཅས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་མཁན་ཉེས་གསོག་པ་15ལ་ཁྲིམས་ལྟར་ཁྲིམས་ཆད་ནར་འགྱངས་བྱས་ཡོད། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་འབྲེལ་བ་ཡོད་པ་དང་། རྨོ་ཞིང་དང་ནགས་ས་འགན་གཙང་ལེན་པ་སོགས་དང་འབྲེལ་བ་ཡོད་པའི་གན་རྒྱའི་རྩོད་གཞིའི་གྱོད་གཞི་དང་སྐྱེ་ཁམས་དང་ནུས་རྒྱུ་གཙང་མ་སོགས་ལས་གྲྭ་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་དམངས་དོན་རྩོད་གཞིའི་གྱོད་གཞི་ཁྱོན་141ལ་འདྲི་ཞིབ་ནུས་ལྡན་བྱས་ཡོད། ཁོར་ཡུག་ཐོན་ཁུངས་ཀྱི་སྲིད་འཛིན་གྱོད་གཞི་སྣ་ཚོགས་46ལ་འདྲི་ཞིབ་བྱས་པ་དང་སྤྱི་ཕན་གཞུང་གཏུག་གི་གྱོད་གཞི་16ལ་འདྲི་ཞིབ་བྱས་པས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། གཅིག་འཐུས་དང་སྣེ་མང་གི་རྩོད་གཞི་སེལ་བའི་ལམ་ལུགས་གང་ལེགས་སྤྱད་ནས་ཁོར་ཡུག་ཐོན་ཁུངས་ཀྱི་རྩོད་གཞིའི་གྱོད་གཞི་ཐག་གཅོད་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། ཁོར་ཡུག་སྲུང་སྐྱོང་། རང་བྱུང་ཐོན་ཁུངས། ནགས་ལས། ཆུ་བེད་སོགས་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་གྱི་ལམ་སྲོལ་10ལྷག་ཙམ་བཟོས་ནས་སྡེ་ཚན་ཁག་གི་འགན་འཁྲི་འབྲེལ་མཐུད་ནུས་ལྡན་ལ་ཤུགས་སྣོན་དང་ལས་དོན་མཐུན་སྦྱོར་མཉམ་འགུལ་ཡོང་བར་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐུལ་འདེད་འོག་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཡུལ་བབ་དང་བསྟུན་ནས་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ཆེད་ལས་ཅན་གྱི་སྒྱུར་བཅོས་དོན་འཁྱོལ་བྱས་ཏེ། ཅུང་གཏན་འཇགས་ཡོད་པའི་ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས་ཟླ་སྒྲིལ་བཏང་བའི་འདྲི་གཅོད་དཔུང་ཁག་དང་མཉམ་གྲོས་ཁྲིམས་ར་82དང་ལག་བསྟར་ཚོགས་ཆུང་7བཙུགས་ནས་བོད་ཀྱི་དོན་དངོས་དང་མཐུན་ཞིང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ཆེད་ལས་ཀྱི་སྒྲིག་གཞི་རགས་ཙམ་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།