དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལོ་7བསྟུད་མར་བོད་དུ་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་སྐབས་བསྟུན་གཙང་བཟོ་ཐུབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-19

    གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། ཞིང་པ་ལས་མིའི་གླ་ཆའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། བོད་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་མང་ཚོགས་ལ་གླ་ཆ་ཆ་ཚང་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱས་པར། བོད་དུ་ལོ་7བསྟུད་མར་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་སྐབས་བསྟུན་གཙང་བཟོ་ཐུབ་པ་དང་ལོ་7བསྟུད་མར་ཁྲིམས་འགལ་གྱོད་གཞི་དང་གླ་ཆ་འགྱངས་ཆད་ཀྱི་གྲངས་འབོར་གཉིས་ཀ་ཆག་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། “སྡེབ་གཅིག་ལ་བཅོས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་། སྟོན་ཕྱོགས་བཅོས་སྐྱོང”བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་པ་ཞིག་བཏོད་པས། མིག་སྔར་བོད་དུ“རང་མིང་འགོད་ལམ་གྱི་དོ་དམ་དང་། ཞིང་པ་ལས་མིའི་ཆེད་སྤྱོད་རྩིས་ཕྲ། དངུལ་ཁང་གིས་གླ་ཆ་ཚབ་སྤྲོད། གཏོང་སྤྲོད་འགན་ལེན་བྱ་ཐབས། ཡིད་རྟོན་མེད་མཁན་ལ་མཉམ་འབྲེལ་ཐོག་ཆད་པ་གཅོད་པ”བཅས་ཀྱི་ཕུགས་ཕན་ལམ་སྲོལ་ལྔ་ཚང་མ་དོན་འཁྱོལ་བྱུང་བ་དང་། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་ཐེར་འདོན་གོང་ཞུ་བྱས་པའི་གྱོད་གཞི་ཐག་གཅོད་བྱེད་ཚད་98%ཡན་རྒྱུན་འཁྱོངས་ཐུབ་པ། ལོ་7བསྟུད་མར་ལྗོངས་ཡོངས་ཀྱི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་སྐབས་བསྟུན་གཙང་བཟོ་ཐུབ་པ་དང་ལོ་7བསྟུད་མར་ཁྲིམས་འགལ་གྱོད་གཞི་དང་གླ་ཆ་འགྱངས་ཆད་ཀྱི་གྲངས་འབོར་གཉིས་ཀ་ཆག་ཅིང་། བོད་ཀྱི་ངལ་རྩོལ་མི་དོན་རྩོད་གཞིའི་གྱོད་གཞི་ཐག་གཅོད་བྱེད་ཚད་97%ཡན་རྒྱུན་འཁྱོངས་ཐུབ་པ་དང་འདུམ་འགྲིག་ཐུབ་ཚད་67.98%ཟིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།