དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-16

    ཉེ་ཆར། གསར་འགོད་པས《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་གུང་ཀྲུང་དབྱང་གི《བསམ་འཆར》དང་ཀྲུང་གུང་ལྷ་ས་གྲོང་ཨུད་ཀྱི《ཞིབ་ཕྲའི་བྱ་ཐབས》ཕྱོགས་ཡོངས་ནས་ལག་བསྟར་བྱས་པའི་རྨང་གཞིའི་ཐོག བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དེ་ལས་ཀའི་སྒུལ་ཤུགས་སུ་བྱས་པས་ལྷ་ས་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་སྒྱུར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་སྔར་བས་མཐོ་རུ་དང་། ལས་བྱེད་ཉེན་རྟོག་པའི་བྱང་ཚད་སྔར་བས་མཐོ་རུ། སྒྲིག་ཁྲིམས་སྤྱོད་ཚུལ་སྔར་བས་ལེགས་སུ་ཕྱིན་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིགས་ཁག་གི་གྱོད་གཞི་5091སྒྲུབ་གཉེར་བྱས་པའི་ནང་། ཉེས་དོན་གྱོད་གཞི་1630དང་། དམངས་དོན་གྱོད་གཞི་482 སྲིད་འཛིན་གྱོད་གཞི་221 སྤྱི་ཕན་གཏུག་བཤེར་གྱོད་གཞི་885ཡོད་པ་རེད། གྱོད་སྒྲུབ་གཞི་ཁྱོན་རིམ་བཞིན་རྒྱ་ཆེར་ཕྱིན་པའི་གནས་ཚུལ་འོག “ཞིབ་དཔྱོད་ཆེན་པོ་བཞི”ཕྱོགས་ཡོངས་ནས་མཐུན་སྦྱོར་ངང་འཕེལ་རྒྱས་གང་ལེགས་འགྲོ་བའི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་བཏང་ནས་ཉེས་དོན་ཞིབ་དཔྱོད་ཀྱི་བསྡུར་ཚད་དུས་མཚུངས་ལས་6.95%ཆག་པ་དང་། དམངས་དོན་ཞིབ་དཔྱོད་ཀྱི་བསྡུར་ཚད་དུས་མཚུངས་ལས་2.01%འཕར་བ། སྲིད་འཛིན་ཞིབ་དཔྱོད་ཀྱི་བསྡུར་ཚད་དུས་མཚུངས་ལས་2.08%འཕར་བ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་བསྡུར་ཚད་དུས་མཚུངས་ལས་2.08%འཕར་བ། ཉེས་དོན་ཞིབ་དཔྱོད་ཀྱི་གྱོད་གཞིའི་བསྡུར་གྲངས་དུས་མཚུངས་ལས་0.14%ཆག་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་གྱོད་གཞི་ཐོ་འགོད་དང་། མྱུལ་ཞིབ་ལས་སྒོ། འདྲི་གཅོད་ལས་སྒོ་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་ལྟ་སྐུལ་དེ་གྱོད་སྒྲུབ་ཀྱི་ལྷུ་ཚིགས་རེ་རེར་དོན་འཁྱོལ་དང་། ལྟ་སྐུལ་ལས་དོན་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། གྱོད་གཞི་ཡག་པོ་སྒྲུབ་པ་དང་ལྟ་སྐུལ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་པས་ཁྲིམས་འཛིན་གྱི་དྲང་གཞག་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།