དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • 2024ལོའི་བོད་དམག་ཁུལ་ཁང་གི་སྦྱོང་བརྡར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-16

    འདི་ནི་ཉེ་ཆར་ས་བབ་མཐོ་ཚད་སྨི་3650ཟིན་པའི་ལྷ་སའི་སྦྱོང་བརྡར་ཐང་ཞིག་ཏུ་བོད་དམག་ཁུལ་ཁང་གི་འགོ་ཁྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ལོ་གསར་པའི་ས་མཐོའི་དངོས་འཐབ་ཅན་སྦྱོང་བརྡར་གྱི་མེ་མདའ་དང་པོ་བརྒྱབ་པ།

    འདི་ནི་དཔོན་དམག་གིས་མགོ་བོ་མཐོན་པོར་བཏེགས་ནས་གྲ་སྒྲིག་ཨང་གསར་བྱེད་བཞིན་པ།

    འདི་ནི་གྲང་རླུང་ཁྲོད་དུ་དཔོན་དམག་ཚོས་དཔའ་ངར་ཆེན་པོས་གདོང་མཆོང་གི་རྣམ་འགྱུར་ཐོག་ནས་དམར་འཛིང་སྦྱོང་བརྡར་བྱེད་བཞིན་པ།

    སྦྱོང་བརྡར་ནི་འགོ་ཚུགས་པ་ཤིག་ཡིན་ལ་སྟོན་ཕྱོགས་ཤིག་དེ་བས་ཀྱང་ཡིན་ཞིང་། ཉེ་ཆར། ས་བབ་མཐོ་ཚད་སྨི་3650ཟིན་པའི་ལྷ་སའི་སྦྱོང་བརྡར་ཐང་ཞིག་ཏུ་བོད་དམག་ཁུལ་ཁང་གི་འགོ་ཁྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ལོ་འཁོར་གསར་པའི་ས་མཐོའི་དངོས་འཐབ་སྦྱོང་བརྡར་གྱི་མེ་མདའ་དང་པོ་བརྒྱབ་པ་རེད། དཔོན་དམག་ཚོས་གྲང་རླུང་ཁྲོད་དུ་དཔའ་ངར་ཆེན་པོས་གདོང་མཆོང་གི་རྣམ་འགྱུར་ཐོག་ནས་དམར་འཛིང་འགྲན་རྒོལ་གྱི་སྦྱོང་བརྡར་བྱས་པ་དང་། ས་མཐོའི་སྦྱོང་བརྡར་ཐང་ནས་མཐའ་སྲུང་འཐབ་ས་དང་པོའི་སོ་ལྟ་ཁང་བར་ཚན་པ་ཁག་གིས་དོན་དངོས་ལ་གཞིགས་ནས་ལོ་འཁོར་གསར་པའི་དམག་དོན་སྦྱོང་བརྡར་དུས་གཅིག་ཏུ་བྱས་པ་རེད།

    འདི་ལོ་བོད་དམག་ཁུལ་ཁང་གིས་མཉམ་སྒྲུབ་དམག་འཐབ་ནུས་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བར་དམ་འཛིན་བྱས་ནས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་མཉམ་འདྲེས་གཞན་སྒྱུར་དང་རིམ་སྤོར་རྒྱུན་ཆད་མེད་པར་བྱེད་མགྱོགས་སུ་བཏང་བས། ལྗོངས་ཡོངས་ཀྱི་དཔུང་སྡེར་དངོས་འཐབ་དང་ཉེ་བཅར་དང་དྲག་རྩལ་དང་འཇོན་ཐང་ཆེན་པོ་ལྡན་པའི་དམག་སྦྱོང་གི་ཚ་རླབས་ཤིག་འཕྱུར་ནས་ལོ་གསར་པའི་དམག་དོན་སྦྱོང་བརྡར་འགོ་ཚུགས་ཡོད། དེ་དང་ཆབས་ཅིག་རིམ་ཁག་བཀོད་འདོམས་པས་སྦྱོང་བརྡར་གྱི་འཐབ་ས་དང་པོར་བསྐྱོད་དེ་སྦྱོང་བརྡར་གྱི་རྣམ་གྲངས་དང་དམིགས་ཚད་རིམ་པ་བཞིན་ཞིབ་ཚགས་སུ་བཏང་བ་དང་། སྦྱོང་བརྡར་གྱི་ཁ་ཕྱོགས་དམག་འཐབ་དང་དེ་བཞིན་འགན་ལེན་ཚན་པ་ཁག་ལ་ཁྱབ་པར་བྱས་ནས་ས་མཐོའི་མཐོ་གྲང་གནམ་གཤིས་འོག་དམག་དཔུང་གིས་མཐུན་སྦྱོར་དམག་འཐབ་བྱེད་པའི་ནུས་པ་དང་དེ་བཞིན་ཕར་རྒོལ་གྱི་འཇོན་ཐང་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།