དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • “ཆེས་མཐོ་གཉིས་དང་པུའུ་གཉིས”ཀྱིས་མཉམ་འབྲེལ་ཐོག་བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས་ལུགས་ལག་བསྟར་བྱེད་ཐབས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-16

    ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས་ལུགས་ལག་བསྟར་བྱེད་ཐབས》(གཤམ་ནས《བྱེད་ཐབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཏེ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་མཉམ་སྒྲུབ་གཞོགས་འདེགས་ལ་སྔར་བས་ཤུགས་བརྒྱབ་ནས། རོགས་སྐྱོར་དང་ལེན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

    《བྱེད་ཐབས》ནང་ཁྱོན་དོན་ཚན་ཁག་30ཡོད་ཅིང་། ནང་དོན་གཙོ་བོ་ནི། གཅིག་ནས་སྡེ་ཚན་ཁག་གི་འགན་འཁྲི་ཞིབ་ཚགས་སུ་གཏོང་རྒྱུ་སྟེ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ཐག་གཅོད་བྱེད་རིང་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་དང་དེ་བཞིན་ལྟ་འདོམས་བྱ་ཡུལ་གྱི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ནས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིའི་འགན་འཁྲི་ཞིབ་ཚགས་སུ་གཏོང་རྒྱུ་དང་། གཉིས་ནས་ལྷུ་ཚིགས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་སྟེ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ཐག་གཅོད་བྱེད་རིང་། མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ལྟ་འདོམས་བྱ་ཡུལ་བཅས་ལ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི་འཁུར་དགོས་པའི་བླང་བྱ་བཏོན་ཏེ། འབྲེལ་ཡོད་དོ་བདག་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་རོགས་སྐྱོར་རེ་ཞུ་བྱས་ནས། བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིར་བཅའ་ཁྲིམས་རོགས་སྐྱོར་གྱི་རེ་ཞུ་བརྒྱུད་སྤྲོད་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱེད་པའི་དབང་ཆ་ཡོད་པ་ཤེས་སུ་འཇུག་དགོས། བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིའི་བཀའ་མངགས་དང་དེ་བཞིན་ཡིག་སྤྲིངས་གསལ་བཤད་ཀྱི་བརྒྱུད་རིམ་ཚད་ལྡན་བཟོས་ནས་བཅའ་ཁྲིམས་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོབ་སྦྲེལ་མཐུད་ཐད་ཆེད་མངགས་གཏན་འབེབས་བཟོས་ཡོད། གསུམ་ནས་བྱེད་ཐབས་སྣ་མང་གི་འགན་སྲུང་ལེགས་སུ་གཏོང་རྒྱུ་སྟེ། མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་ཚན་པ་་དང་བཅའ་ཁྲིམས་རོགས་སྐྱོར་མི་སྣར་ཁྲིམས་ར་ཚོགས་པའི་དུས་ཚོད་དང་། བཙན་ཤེད་ཀྱི་བྱེད་ཐབས། བཀག་ཉར་བྱ་ཡུལ་སོགས་ཀྱི་ཆ་འཕྲིན་སྒྱུར་མིན་དུས་ཐོག་ཏུ་ཤེས་སུ་འཇུག་དགོས་པ་མ་ཟད། ད་དུང་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དུས་བཀག་ནང་ཚད་གཞི་ལྟར་འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆ་བསྐྱལ་ནས་བཅའ་ཁྲིམས་རོགས་སྐྱོར་མི་སྣས་ཐུག་འཕྲད་དང་། གྱོད་ཚགས་ལྟ་ཀློག གྱོད་གཞིར་རྒྱུས་ལོན་སོགས་ལ་སྟབས་བདེ་བསྐྲུན་ནས་བཅའ་ཁྲིམས་རོགས་སྐྱོར་མི་སྣས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་འགན་ལེན་བྱ་རྒྱུ། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ཡག་པོ་སྤེལ་བར་འགན་ལེན་བྱ་རྒྱུ། བཞི་ནས་ཁྱོན་ཡོངས་ཀྱི་ལྟ་འདོམས་ལ་ཤུགས་རྒྱག་རྒྱུ་སྟེ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་བྱེད་ཐབས་སྣ་མང་བརྒྱུད་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་སྤུས་ཚད་ལ་ལྟ་འདོམས་དང་། མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་གཞོགས་འདེགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། གཞན་ཡང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། དམག་དཔུང་བདེ་སྲུང་ཚན་ཁག ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་དང་བཙོན་ཁང་བཅས་ཀྱིས་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་སྐབས《བྱེད་ཐབས》ཁྲོད་ཀྱི་སྤྱི་བདེ་ལས་ཁུངས་དང་འབྲེལ་བའི་གཏན་འབེབས་གཞིར་བཟུང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།