དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས།

    2023ལོའི“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་བདེའི་གཞི་རིམ་གྱི་འཐབ་ས་དང་པོ་ནས་ཐོན་པའི་སྔོན་ཐོན་དཔེ་མཚོན་གཏོད་པ་དང་དྲིལ་བསྒྲགས་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་རྒྱང་ལམ་གསར་པར་འབད་འཐབ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་བྱ་ཆེད། ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཨང་བཞི་པའི་མཚམས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་2023ལོའི“གཞི་རིམ་གྱི་ཉེན་རྟོག་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྫེས་ཁྱབ་བསྒྲགས་བྱས་ཡོད།

    ལི་ཁྲུན(བུད་མེད) ཙུའུ་ཤུས(བུད་མེད) ཧོ་ཡའོ་མིང་། ལི་ཧྭ་རུའེ། ལིའུ་ཤིན(བུད་མེད) དབྱང་ཝུན་ཆིང་། ལུའུ་ཤུན། ཁྲེན་ཧྥེ། མཱ་དབྱི་མིང(ཧུད་རིགས) ཙེང་ཏུང་། ལིའུ་ཝུན་ཝུའེ། མཱ་ཧོའེ་ལུང་། ལུའོ་ཀྲེན(བུད་མེད) (ཀྲོང་རིགས)ཞུས་ཁའེ(བོད་རིགས)ཝང་ཙེ་ཡུས(བུད་མེད) ཀུའོ་ཡུང་། ཨའེ་ཉི་ཝར·ཐུའུ་ཨེར་སུན(ཡུ་གུར་རིགས) ཀྲང་ཝེ། ཀྲུའུ་དབྱི་ཀེང་། ཧོང་རི(ཀྲོང་རིགས)བཅས་མི་20ལ་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། ཁོང་ཚོའི་ཁྲོད་ལ་ལ་ནི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་འཐབ་ས་དང་པོར་འཐབ་རྩོད་བྱས་ནས་དཔའ་ངར་ཞུམ་མེད་དང་རང་སྲོག་བློས་གཏོང་བར་མི་སྐྲག་མཁན་དང་། ལ་ལ་ནི་འབྲུབ་འགོག་ཉེན་སེལ་གྱི་མདུན་གྲལ་དུ་གདོང་མཆོང་བྱས་ཏེ་དཀའ་ངལ་ལ་མི་འཛེམ་པར་ལྡོག་སྐྱོད་བྱེད་མཁན། ལ་ལ་ནི་ཁྲོམ་གཞུང་དང་སྡེ་ཁུལ་མང་ཚོགས་ཀྱི་འགྲམ་དུ་ལས་གནས་བརྟན་སྲུང་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ནས་དུས་བདེའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་མཁན། ལ་ལ་ནི་དབྱར་དུས་ཀྱི་བདེ་འཇགས་ལ་རྡུང་རྡེག་དང་བཅོས་སྒྲིག་གི་བྱ་སྤྱོད་དང་བྱེད་སྒོ་གལ་ཆེན་སྤེལ་ཡུལ་དུ་འབད་འཐབ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱེད་མཁན། ལ་ལ་ནི་རྒྱལ་ཁབ་ཀྱི་མཐའ་མཚམས་སུ་གཞི་བཙུགས་ཏེ་སྐད་གྲགས་མེད་པར་སྲུང་སྐྱོང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་བཅས་རེད། མ་གཞི་ཁོང་ཚོའི་ཉེན་རྟོག་པའི་ལས་གནས་མི་འདྲ་ཡང་ཚང་མས་བྱ་སྤྱོད་དངོས་ཀྱི་ལ་བརྟེན་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབས་པ་དང་། “མི་དམངས་སྤྱི་བདེས་མི་དམངས་ཆེད་བྱ་བ་སྒྲུབ་པའི”བརྗིད་ཆེའི་དམ་བཅའ་མངོན་འགྱུར་བྱས་ཏེ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བའི“བྱས་རྗེས་ངོ་མཚར་ཅན་གཉིས”ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།