དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • འཚོ་བའི་ཞབས་ཞུའི་རིགས་ཀྱི་ཁྲིམས་འགལ་སྒྲིག་འགལ་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-16

    གསར་འགོད་པར་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། “དྭངས་གསལ·འཚོ་བའི་ཞབས་ཞུའི་རིགས་ཀྱི་ལས་སྟེགས་ཀྱི་ཆ་འཕྲིན་གྱི་ནང་དོན་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ་ནས་བཟུང་། དྲ་འཕྲིན་སྡེ་ཚན་གྱིས་དྲ་དམངས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་གྱི་ཁུངས་སྣེ་དང་ཟུང་འབྲེལ་བྱས་ཏེ། གླེང་མོལ་གྲོགས་སྒྲིག་དང་། དྲ་ཐོག་ནས་ཉོ་སྒྲུབ། ལས་གནས་འཚོལ་བ་སོགས་འཚོ་བའི་ཞབས་ཞུའི་ལས་སྟེགས་རིགས་20ལ་གྲལ་བཤེར་ཐེངས་མང་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་དྲ་ཚིགས་ལས་སྟེགས་དང་ཨང་རྟགས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ། འཚོ་བའི་ཞབས་ཞུའི་ལས་སྟེགས་སྤྱད་དེ་ཁྲིམས་འགལ་གྱི་ཚུལ་མིན་ཆ་འཕྲིན་བརྒྱུད་སྤེལ་གཏན་འགོག་བྱས་ནས། རྒྱ་ཆེའི་དྲ་དམངས་ལ་ཁམས་གཙང་བའི་དྲ་རྒྱའི་ཁོར་ཡུག་བཏོད་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་ཁྲིམས་འགལ་གྱི་ཚུལ་མིན་ཆ་འཕྲིན་ཁག་ཁྲི་790ལྷག་ཙམ་གཙང་སེལ་བྱས་པ་དང་། ཨང་རྟགས་ཁྲི་170ལྷག་ཙམ་ཐག་གཅོད་བྱས་པ། དྲ་ཚིགས་562སྒོ་བརྒྱབ་པ། བཀོལ་སྤྱོད་གོ་རིམ་201མེད་པར་བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།