དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཁ་གསབ་དངུལ་གཡོ་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-16

    ཉེ་ཆར། ཧུའུ་ནན་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་སུ་ཞིབ་བཤེར་ཐག་གཅོད་བྱས་པའི་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གྱི་དཔེ་མཚོན་གྱོད་གཞི་6ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་དང་ཆབས་ཅིག་ལས་བྱེད་པ་ཁག་གཅིག་ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་བ་རེད།

    ཤང་དབྱིན་རྫོང་དམངས་སྲིད་ཅུས་ཀྱི་ལས་དོན་པ་དབྱི་ཀྲུའོ་ཧྥུས་དམངས་ཕན་ཁ་གསབ་མ་དངུལ་རྫུན་ཞུ་བྱས་ཏེ་གཡོ་ལེན་བྱས་པའི་གནད་དོན། 2018ལོའི་ཟླ་4པ་ནས་2022ལོའི་ཟླ་1པོའི་བར། དབྱི་ཀྲུའོ་ཧྥུས་རྫོང་དམངས་སྲིད་ཅུས་ཀྱི་སྤྱི་ཚོགས་ཕན་བདེ་ཀུའུ་རུ་ལས་ཀ་བྱེད་རིང་། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་དབང་པོ་སྐྱོན་ཅན་གྱི་ཆ་འཕྲིན་རྫུན་བཟོ་ཐེངས་མང་བྱས་པ་མ་ཟད། དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་ནད་སྐྱོང་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི་27ལྷག་ཙམ་གཡོ་ལེན་བྱས་ཡོད། 2023ལོའི་ཟླ་4པར། དབྱི་ཀྲུའོ་ཧྥུའུ་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད་ཅིང་། དེའི་ཉེས་གསོག་དང་འབྲེལ་བའི་གནད་དོན་སྐོར་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་མ་ཟད། སྒྲིག་འགལ་ཁྲིམས་འགལ་གྱི་མ་དངུལ་འདེད་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།