དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་སའི་མང་ཚོགས་གཉིས་ལ་ཁ་བསླུས་སྒོར་ཁྲི་44ཐེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-16

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་2ལ་སྐད་འཕྲིན་དངུལ་སྤྲོད་ཀྱི“ཁྲི་བརྒྱ་འགན་ལེན་བྱེད་པ”ཞེས་པའི་ཁ་བསླུས་རྒྱག་སྟངས་གསར་པའི་མགོ་སྐོར་ཐེབས་ནས་ཁྱོན་སྒོར་ཁྲི་44ལྷག་ཙམ་གྱོང་གུན་ཕོག་པ་རེད།

    2023ལོའི་ཟླ་12ཚེས་29ཉིན། གྲོང་མི་ལིའུ་ལགས(མིང་ཚབ)ལ་སྐད་འཕྲིན་གྱི་ཞབས་ཞུ་བ་ཡིན་ཟེར་མཁན་ཞིག་གི་ཁ་པར་འབྱོར་ནས། དེ་གོང་ཁྱེད་ཀྱིས་སྐད་འཕྲིན་གྱི“ཁྲི་བརྒྱ་འགན་ལེན་བྱེད་པ”ཞེས་པའི་ལས་སྒོ་གཉེར་འདུག ད་ལྟ་རིན་པ་སྤྲོད་མི་དགོས་པའི་དུས་ཚོད་ཡོལ་ཟིན་པས། གལ་སྲིད་ལས་སྒོ་དེ་གཉེར་མཚམས་མ་བཞག་ན་ཟླ་རེར་དངུལ་འཐེན་སྲིད་ཅེས་བཤད། གྲོང་མི་ལིའུ་ལགས་ཀྱིས་མི་འདིས་བཤད་པ་བདེན་པ་རེད་སྙམ། དེ་རྗེས་མི་འདིས་ལས་སྒོ་འདི་གཉེར་མཚམས་བཞག་དགོས་ན་དངུལ་སྒྱུར་དགོས་པར་ཁ་གཡར་ནས་གྲོང་མི་ལིའུ་ལགས་ཀྱི་སྒོར་74984ཁ་བསླུས་བརྒྱབ་པ་རེད། མིག་སྔར། གྱོད་གཞི་འདི་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།

    དེ་དང་འདྲ་བར། 2024ལོའི་ཟླ་1ཚེས་1ཉིན་གྲོང་མི་མིག་ལགས(མིང་ཚབ)ལའང་སྐད་འཕྲིན་གྱི་ཞབས་ཞུ་བ་ཡིན་ཟེར་མཁན་ཞིག་གི་ཁ་པར་འབྱོར་བ་དང་། ཕ་རོལ་པོས་གོང་གི་མགོ་སྐོར་གཏོང་སྟངས་ལྟར་སྒོར་365228ཁ་བསླུས་བརྒྱབ་པ་རེད། མིག་སྔར། གྱོད་གཞི་འདི་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།

    “ཁྲི་བརྒྱ་འགན་ལེན་བྱེད་པ”ཟེར་བ་གང་ཡིན་ནམ།

    “ཁྲི་བརྒྱ་འགན་ལེན་བྱེད་པ”ཟེར་བ་ནི་སྐད་འཕྲིན་གྱི་དངུལ་སྤྲོད་རྩིས་ཁྲ་དང་དངུལ་སྤྲོད་འབོ་ནས་མི་གཞན་གྱིས་དངུལ་བརྐུས་ཚེ། བརླགས་པའི་དངུལ་འབོར་ལ་གཞིགས་ནས། ཐེངས་གྲངས་ལ་མི་བལྟོས་པར་གུན་གསབ་སྤྲོད་པ་དང་། ལོ་ལྟར་རིམ་རྩིས་དངུལ་གྲངས་མཐོ་ཤོས་སྒོར་ཁྲི་100ཡི་གུན་གསབ་སྤྲོད་པར་ཟེར།

    “ཁྲི་བརྒྱ་འགན་ལེན་བྱེད་པ”ཟེར་བར་གྲོན་དངུལ་འཇལ་དགོས་སམ

    སྐད་འཕྲིན་གྱི་དངུལ་སྤྲོད་དང་དངུལ་སྤྲོད་འབོ་སྤྱོད་སྐབས“ཁྲི་བརྒྱ་འགན་ལེན་བྱེད་པ”ཞེས་པའི་ལས་སྒོ་དེ་རང་བཞིན་དང་རིན་པ་མི་དགོས་པར་ཁ་འབྱེད་ཀྱི་ཡོད། དེར་དུས་བཀག་ཟིན་པའམ་ཡང་ན་དུས་ཚོད་ཡོལ་བ་ཟེར་བ་མེད། དེར་བརྟེན། གྲོན་དངུལ་འཇལ་ནས་མུ་མཐུད་འགན་ལེན་བྱེད་དགོས་པའི་རེ་བ་འདོན་གྱི་མེད་ལ་མི་སྒེར་གྱི་ཡིད་རྟོན་ལ་དེ་བས་སྐྱོན་རྒྱག་མི་སྲིད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།