དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་མི་དམངས་འདུམ་འགྲིག་པའི་དངོས་འཐབ་རེས་སྐོར་གསོ་སྦྱོང་རྟེན་གཞི་ཐོག་མ་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་དུ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

     ཉེ་ཆར་ལྗོངས་ཡོངས་ཀྱི་མི་དམངས་འདུམ་འགྲིག་པའི་དངོས་འཐབ་རེས་སྐོར་གསོ་སྦྱོང་རྟེན་གཞི་ཐོག་མ་དེ་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གཏུག་བཤེར་ཞབས་ཞུ་ལྟེ་གནས་སུ་སྒོ་བྱང་བཀལ་བ་རེད། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་དང་རྫོང་ཁྲིམས་འཛིན་ཅུས་ཀྱིས་ས་གནས་ས་ཐོག་ཏུ། 《མི་དམངས་འདུམ་འགྲིག་པའི་དངོས་འཐབ་རེས་སྐོར་གསོ་སྦྱོང་རྟེན་གཞི་མཉམ་སྐྲུན་སྐོར་གྱི་མཉམ་ལས་བརྗེད་ཐོར》མིང་རྟགས་བཀོད་པ་རེད།

    ཁྲིམས་ཁང་དུ་མི་དམངས་འདུམ་འགྲིག་པའི་དངོས་འཐབ་རེས་སྐོར་གསོ་སྦྱོང་རྟེན་གཞི་བཙུགས་དོན་ནི་རྫོང་ཁྲིམས་ཁང་དང་རྫོང་ཁྲིམས་འཛིན་ཅུས་ཀྱིས་གཏུག་ཁུངས་བཅོས་སྐྱོང་གི་མཉམ་ལས་ཟབ་ཏུ་གཏོང་བའི་ཚོད་ལྟ་གསར་པ་ཞིག་རེད་ལ། དངོས་སྦྱོང་ལ་བརྟེན་ནས་མི་དམངས་འདུམ་འགྲིག་པའི་འདུམ་འགྲིག་གི་འཇོན་ཐང་ཆེ་རུ་བཏང་སྟེ། རྩོད་གཞི་ཐབས་ལམ་སྣ་མང་སྤྱད་ནས་སེལ་བའི་དགོས་མཁོ་སྐོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། དངོས་སྦྱོང་ནང་ཞུགས་པའི་འདུམ་འགྲིག་པས་གཅིག་སྡུད་གསོ་སྦྱོང་དང་། ས་གནས་ས་ཐོག་གི་འདུམ་འགྲིག་ལ་ལྟ་བ། འདུམ་འགྲིག་ལ་ཞུགས་པ། ཁྲིམས་རའི་འདྲི་གཅོད་ཉན་པ་སོཌ་ཀྱི་བྱ་ཐབས་བརྒྱུད་འདུམ་འགྲིག་གི་བརྒྱུད་རིམ་ལ་ཤེས་རྟོགས་དང་། བཅའ་ཁྲིམས་ཀྱི་ཤེས་བྱ་སྦྱོང་བ། འདུམ་འགྲིག་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་འདུམ་འགྲིག་གི་སྤུས་ཕན་གཉིས་ཀ་ཟམ་མི་ཆད་པར་མཐོ་རུ་གཏོང་ཐུབ་ཀྱི་ཡོད་པ་རེད།

    ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་བསྟན་འཛིན་འཛོམས་པས“གོམ་སྟབས་རྗེས་མར་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་མི་དམངས་འདུམ་འགྲིག་པའི་དངོས་འཐབ་རེས་སྐོར་གསོ་སྦྱོང་རྟེན་གཞི་གོ་སྐབས་སུ་བྱས་ནས། གཏུག་ཁུངས་བཅོས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་གཞི་རིམ་བཅོས་སྐྱོང་ཚན་པ་ཁག་དང་འབྲེལ་གཏུག་འབྲེལ་མཐུད་ནུས་ལྡན་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། མི་དམངས་མང་ཚོགས་ལ་དེ་བས་སྣ་མང་སྟབས་བདེའི་རྩོད་གཞི་ཐག་གཅོད་བྱེད་ཐབས་མཁོ་འདོན་བྱས་ནས་རྩོད་གཞི་གཏུག་བཤེར་མ་བྱས་གོང་དང་འབྱུང་རྩ་ནས་སེལ་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་གྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་ནུས་ལྡན་གཏོང་གི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།