དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འདམ་གཞུང་རྫོང་འཁོར་རིགས་དོ་དམ་ཁང་གིས་ཁ་ལོ་བའི་ལག་ཁྱེར་ལེན་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། འདམ་གཞུང་རྫོང་གིས་མང་ཚོགས་ཁ་ལོ་བའི་ལག་ཁྱེར་ལེན་དཀའ་བའི་གནད་དོན་ལ་དམིགས་ནས། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ཡིག་རྒྱུགས་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཐག་ཉེ་ས་ནས་ཁ་ལོ་བའི་ཡིག་རྒྱུགས་གཏོང་ཐུབ་པ་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་བསྐངས་པ་རེད།

    འདམ་གཞུང་རྫོང་གི་རྒྱུན་སྡོད་མི་འབོར་དང་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། འདམ་གཞུང་རྫོང་འཁོར་རིགས་དོ་དམ་ཁང་གིས་2023ལོའི་ཟླ་10ཚེས་8ཉིན་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལ་ཡིག་རྒྱུགས་དང་པོ་དང་། གསུམ་པ། དེ་བཞིན་བདེ་འཇགས་དང་ཡ་རབས་ངང་རླངས་འཁོར་གཏོང་བའི་རྒྱུན་ཤེས་ཡིག་རྒྱུགས་འདམ་གཞུང་རྫོང་ནས་གཏོང་ཆོག་པའི་སྙན་ཞུ་ཕུལ་བ་དང་། གོང་རིམ་དོ་དམ་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱས་ནས་ཆོག་མཆན་སྤྲད་ཡོད། 2023ལོའི་ཟླ་10ཚེས་25ཉིན་འདམ་གཞུང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་འཁོར་རིགས་དོ་དམ་ཁང་ཡིག་རྒྱུགས་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། མང་ཚོགས་རྫོང་དེ་རང་ནས་ཁ་ལོ་བའི་ཡིག་རྒྱུགས་གཏོང་ཐུབ་པ་བྱས་པ་རེད།

    རྒྱུགས་རའི་སྒྲིག་ཁྲིམས་ཁག་ནན་དུ་གཏོང་ཆེད། འདམ་གཞུང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་འཁོར་རིགས་དོ་དམ་ཁང་ཡིག་རྒྱུགས་ལྟེ་གནས་སུ་ཆེད་སྤྱོད་གློག་ཀླད་20བཀོད་སྒྲིག་བྱས་པ་དང་། གློག་མིག་བསྒར་བ། ལས་དོན་མི་སྣའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ཡིག་རྒྱུགས་རྐུ་རེས་སོགས་ཀྱི་སྣང་ཚུལ་གཏན་འགོག་བྱས་པ་མ་ཟད། འཕྲུལ་སྒུལ་འཁོར་རིཌ་ཀྱི་ཁ་ལོ་བའི་ཡིག་རྒྱུཌ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་མི་237ཁ་ལོ་བའི་ཡིག་རྒྱུཌ་ལ་ཞུཌ་པ་དང་མི་205ཡིག་རྒྱུཌ་ལོན་ནས་ཡིག་རྒྱུགས་ལོན་ཚད་86.86%ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདམ་གཞུང་རྫོང་གི་མང་ཚོགས་ཀྱིས་མཉམ་འབྲེལ་དྲ་རྒྱའི་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུ་དོ་དམ་སྟེགས་བུའམ་ཡང་ན་ལག་ཐོགས་ཁ་པར་གྱི་APP“འགྲིམ་འགྲུལ་དོ་དམ་12123”ནས་གཟའ་ཟླ་བ་དང་ལྷག་པར་ཁ་ལོ་བའི་ཡིག་རྒྱུགས་སྔོན་མངགས་བྱེད་ཆོག་པ་དང་ཐེངས་རེར་མིང་སྐལ་55ཡོད་ཅིང་། ཡིག་རྒྱུགས་གཏོང་ས་འདམ་གཞུང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་འཁོར་རིགས་དོ་དམ་ཁང་གི་ཡིག་རྒྱུགས་ལྟེ་གནས་སུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།