དབུ་ཤོག>ཁྲིམས་ལུགས།
  • ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཐེར་འདོན་ཁུངས་སྣེ་གཞིར་བཟུང་དུས་ཐོག་ཏུ་མི་སྣ་བཏང་སྟེ། གྲོང་ཁྱེར་སྤྱི་བདེ་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི“ཟླ་བ་སྔོན་པོའི”ཐོ་འགོད་ཚོང་རྟགས་ཆེད་སྤྱོད་དབང་ཆར་བཙན་གནོད་ཀྱི་ཚོང་ཟོག་ཕྱིར་ཚོང་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་འཕྲལ་རྒོལ་ཞིབ་བཤེར་བྱས་པ་དང་། དོ་བདག་གིས་བཏང་བའི་རླངས་འཁོར་གཉིས་ནས་ཀོང་ཀྲོའུ་ཡི“ཟླ་བ་སྔོན་པོའི”ཚོང་རྟགས་ཀྱི་གོས་འཁྲུད་གཤེར་ཁུའི་ཐོན་རྫས་འགྱིག་དམ་343རྩད་ཆོད་པ་རེད།

    ཆབ་མདོའི་ལས་ཚབ་ཚོང་པས“ཟླ་བ་སྔོན་པོ”(ཀྲུང་གོ)ཚད་ཡོད་ཀུང་སིར་འབྲེལ་བ་བྱས་ནས། ཁག་ཐེངས་དེའི་ཐོན་རྫས་ལ་དཔྱད་འདོམས་བྱས་པ་བརྒྱུད་ཐོན་རྫས་དེ“ཟླ་བ་སྔོན་པོ”(ཀྲུང་གོ)ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པ་ཞིག་མིན་པ་མ་ཟད། གསལ་འབྱེད་ངོ་སྤྲོད་ཀྱང་བཏོན་ནས་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་རེ་བ་ཡང་བཏོན་ཡོད། ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ཁྲིམས་ལྟར་ཐོན་རྫས་རྫུན་མ་དེ་དག་ལ་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་དང་འབྲེལ། ཁྲིམས་འགལ་བྱེད་སྤྱོད་ལ་འདྲི་རྩད་དང་བརྟག་དཔྱད་ཀྱང་བྱས་པ་རེད།

    མིག་སྔར་གྱོད་གཞི་དེར་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།