དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཁྲིམས་ཁང་གིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ལ་ཁྲིམས་ལྟར་འགན་སྲུང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བོད་ལྗོངས་ཁྲིམས་ཁང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང“རི་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གི་དོ་སྙོམས་ས་དང་ཟུང་འབྲེལ་བྱ་གཞི་སྟངས་འཛིན་གནད་སྨིན་བྱས་ཏེ། དམངས་དོན་ཚོང་དོན་གྱི་འདྲི་གཅོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་དཔལ་འབྱོར་དང་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཁྲིམས་ལྟར་རམ་འདེགས་བྱས་པ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཁྲིམས་ས་དང་པོའི་འགོ་འཛིན་པ་བསྟན་སྒྲོན་གྱིས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ལ་ཁྲིམས་ལྟར་འགན་སྲུང་བྱེད་ཆེད། 2023ལོའི་ཟླ་9པར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཁྲིམས་འཛིན་ཞབས་ཞུས་འགན་སྲུང་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྩོད་གཞི་དང་གྱོད་གཞི་ཐག་གཅོད་འདུམ་འགྲིམ་ལས་དོན་ལ་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས།

    “རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ལྷ་ས་དང་ལྷོ་ཁ་སོགས་རིམ་གཉིས་ཁྲིམས་ཁང་གིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞབས་འདེགས་དང་འགན་སྲུང་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཀའི་གཙོ་གནད་ལ་བརྩིས་ནས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་། སྔ་བསྣུར་དུ་འདུམ་འགྲིག ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ཏེ། སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་ཁྲིམས་འཛིན་ཞབས་འདེགས་ལ་བརྟེན་ནས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་བདེ་བླག་དང་ལས་ཕྱོད་ཆེན་པོས་ལག་ལེན་བསྟར་བར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་བཞིན་ཡོད”ཅེས་བསྟན་སྒྲོན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།