དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་མེ་སྐྱོན་འགོག་ཟོན་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱིས་2023ལོའི་དགུན་ཁ་དང་2024ལོའི་དཔྱིད་དུས་ཀྱི་མེ་སྐྱོན་འགོག་ཟོན་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་དུས་ཚིགས་བཞི་པའི་མེ་ཟོན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པའི་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུར་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་ནས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས། ནག་ཆུ་གྲོང་ཁྱེར་བཅས་ཀྱི་བླང་བྱ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས། འགན་འཁྲི་འཁུར་སེམས་ཆེན་པོ་དང་། དུས་ཚོད་ཀྱིས་མི་མི་སྒུག་པའི་ངར་ཤུགས། དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས་བཅས་ཀྱི་ཐོག་ནས“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ལག་ལེན་བསྟར་བ་དང་། དགུན་དཔྱིད་གཉིས་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ལས་དོན་འཕྲལ་དུ་བཀོད་སྒྲིག་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་སེལ་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།