དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་ལྕགས་ལམ་གྱི་ས་ཁུལ་ཏང་ཡོན་གྱི་ཏང་གཤིས་ཏང་སྲོལ་དང་ཏང་སྒྲིག་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    ཉེ་ཆར། ལྷ་ས་ལྕགས་ལམ་གྱི་ས་ཁུལ་ཏང་ཡོན་གྱི་ཏང་གཤིས་ཏང་སྲོལ་དང་ཏང་ཁྲིམས་སློབ་གསོའི་རྟེན་གཞིའི(གཤམ་དུ“རྟེན་གཞི”ཞེས་བསྡུ་རྒྱུ)སྒོ་བྱང་དངོས་སུ་ཕྱེ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྟེན་གཞི་དེའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་435ཟིན་ཞིང་། “རྟེན་གཞི་གསུམ་དང་ཁང་གཅིག”ལ་དབྱེ་བ་སྟེ། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་མཐོ་ས་དང་། ཏང་སྲོལ་སྲིད་གཙང་གི་ཉེན་ཟོན་རྟེན་གཞི། ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་གཡུལ་ས་དང་ལེ་ཚན་བལྟས་རྗེས་ཀྱི་བཞུགས་མོལ་ཚོགས་འདུ་ཚོགས་ཁང་བཅས་རེད། “‘སྙིང་སྟོབས་ཀྱི་འབྱུང་ཁུངས’ཁུངས་འདེད་བྱས་ནས་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རུལ་རྒོལ་གཙང་སྤེལ་གྱིས་སྲིད་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་བསམ་བློ་འཛུགས་སྐྱོང་ལ་བརྟེན་ནས་ཕུགས་བསམ་དང་དད་སེམས་གཏོད་རྒྱུ་དེ”ཇུས་འགོད་ཀྱི་འདུ་ཤེས་སུ་བྱས་ཏེ་གྲངས་འཛིན་ལག་རྩལ་དང་། མཉམ་འགུལ། གློག་བརྙན་བརྙན་འཕྲིན། པར་དང་འགྲེམས་པང་། དངོས་པོ་དངོས་འགྲེམས་སྟོན་སོགས་ཀྱི་རྣམ་པ་བརྒྱུད། ཚོགས་པ་དང་ཀུང་སིའི་ཏང་ཨུད་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་རུང་བ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བའི་དཔེ་མཚོན་བྱེད་སྟངས་དང་ཉམས་མྱོང་གི་ཁྱད་ཆོས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།