དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་ནས་དམངས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    ནག་ཆུ་གྲོང་ཁྱེར་གྱིས“ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། དམངས་ལ་སྟབས་བདེ་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ། བློ་ཡིད་ཚིམ་ཚད་ཚད་གཞིར་བྱེད་པའི”ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ནས། “12345”དམངས་ལ་ཕན་བདེ་སྐྲུན་པའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་རེ་ཞུ་བརྒྱུད་སྒྲུབ་དང་། བསྒྲུབ་རྒྱུར་རྩིས་སྤྲད་པ། སྒྲུབ་གཉེར་ལ་ལྟ་སྐུལ་བཅས་ཀྱི་ལས་དོན་དོན་འཁྱོལ་ཏན་ཏིག་བྱས་ཏེ། དམངས་ཀྱི་བསམ་འཆར་ཉན་པ་དང་དམངས་ཀྱི་དཀའ་ངལ་འཕྲལ་མར་སེལ་བའི“ཁ་པར་དང་པོ”ཤར་གཏོང་ཐུབ་པར་བྱས་ནས་སྲིད་དམངས་མཉམ་འགུལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་མ་ཟད། མང་ཚོགས་ཀྱི་རེ་ཞུ་ལུགས་མཐུན་ངང་ཐག་གཅོད་ཀྱང་བྱས་པ་རེད།

    ཐད་སྦྲེལ་ཁ་པར་དོ་དམ་དང་བེད་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ཞིང་། མང་ཚོགས་ཀྱི་ཚུར་ལན་གནད་དོན་སྒྲུབ་གཉེར་གྱི་ལས་ཆོད་ཆེ་རུ་གཏོང་བ་དང་ལམ་ལུཌ་ལག་བསྟར་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་ཆེད། 《ནག་ཆུ་གྲོང་ཁྱེར་གྱི་དམངས་འཚོའི་རེ་ཞུའི་དོན་དག་བརྒྱུད་སྒྲུབ་སྒྲུབ་སྐུལ་ལས་དོན་གྱི་དོ་དམ་བྱ་ཐབས》བཟོས་ནས་བཏོན་པ་དང་། “12345”ཐད་སྦྲེལ་ཁ་པར་བེད་སྤྱོད་དོ་དམ་གྱི་འགན་འཁྲི་ཞིབ་ཕྲ་བཟོས་པ་དང་འགན་འཁྲི་ཁ་གསལ་དང་ལས་ཀའི་བརྒྱུད་རིམ་ལེགས་སུ་བཏང་བ། ཁེ་ལས་དང་མང་ཚོགས་ལ“7×24”ཡི་ཉིན་མཚན་དབྱེར་མེད་ཀྱི་ཞབས་འདེགས་ཞུས་པ། སྲིད་གཞུང་གི་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཐད་ཀྱི་ཁེ་ལས་དང་མང་ཚོགས་ཀྱི་བློ་འདྲི་དང་། རེ་ཞུ། ཞུ་གཏུག བསམ་འཆར་དང་གྲོས་འགོ་སོགས་དང་ལེན་བྱས་ནས“12345”ཐད་སྦྲེལ་ཁ་པར་ལེན་མཁན་ཡོད་པ་བྱས་ཡོད། མིག་སྔའི་བར། མང་ཚོགས་ཀྱི་རིགས་ཁག་གི་ཐད་སྦྲེལ་ཁ་པར་ཐེངས་4140ཉན་ནས་ཁེ་ལས་དང་མང་ཚོགས་ཀྱི་རེ་ཞུའི་ཐབས་ལམ་ཤར་བགྲོད་ནུས་ལྡན་ཐུབ་པར་བྱས་ཡོད།

    རེ་ཞུ་སྒྲུབ་གཉེར་དང་ཐག་གཅོད་ཀྱི་ནུས་པ་ཆེ་ཞིང་། མང་ཚོགས་ཀྱི་རེ་འབོད་ཐོག་མཐའ་བར་གསུམ་དུ་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ཏེ“བདག་སྤྲོད་བྱེད་པ་དང་། ཁག་བགོས་ཐག་གཅོད་བྱེད་པ། དུས་བཀག་ནང་ཐག་གཅོད་བྱེད་པ། སྒྲུབ་གཉེར་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་འདྲི་བར་ལན་རྒྱག་པ། ཟླ་རེར་བརྡ་ཁྱབ་གཏོང་བ། ལོ་མཇུག་ཏུ་དཔྱད་ཞིབ་བྱེད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཟོས་པ་དང“ཁ་པར་ལྟེ་གནས་ཀྱིས་བདག་སྤྲོད་དང་སྒྲུབ་འགན་ཚན་པས་ཐག་གཅོད་ཟུང་འབྲེལ”བྱེད་པའི་ཐབས་ལ་བརྟེན་ནས་གྲོང་ཁྱེར་མ་འཇོག་ཀུང་སིས“བདེ་སྐྱིད་ཁྱིམ་གཞིས”ཀྱི་སྡོད་ཁང་འགན་ལེན་མ་དངུལ་ཕྱིར་སློག་དང་། གསེར་རྙེད་ཆུས་ཀྱི་X601ལམ་ཐིག་གི་ནག་ཆུའི་ཟམ་པ་སྒྱུར་བཀོད་ལས་གྲྭའི་འཕྲུལ་འཁོར་བོགས་གཏོང་དངུལ་འགྱངས་ཆད་སྒོར་ཁྲི་27སློག་པ། གསེར་རྙེད་ཆུས་གྲོང་མི་ཨུ་ལྷན་གསེར་རྙེད་གཙང་པོའི་5—10དུད་ཚང་གིས་དྲ་བའི་མྱུར་ཚད་འགོར་བ་སོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་རེད། མིག་སྔར་ཁ་པར་ནས་ལན་3414བརྒྱབ་པ་དང་། གནད་དོན་726བསྒྲུབ་རྒྱུ་རྩིས་སྤྲད་པ། དུས་ཐོག་ཏུ་ཐག་གཅོད་བྱེད་ཚད་99.74%ཟིན་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་དང་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    རྒྱ་ཆེའི་མང་ཚོགས་བློ་ཡིད་ཚིམ་པོ་བྱུང་ཞིང་། མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་རྒྱུ་ཚད་གཞི་ཨང་དང་པོར་བརྩིས་ནས་སྒྲུབ་གཉེར་གྱོད་གཞིར་ཤུགས་སྣོན་རྒྱག་པ་དང་། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ཞབས་ཞུར་ཤུགས་སྣོན་རྒྱག་པ། རེ་ཞུ་སྒྲུབ་གཉེར་གྱི“ཟླ་རེའི་བརྡ་ཁྱབ”ལམ་སྲོལ་དོན་འཁྱོལ་བཅས་བྱས་ནས་རེ་ཞུ་སྒྲུབ་གཉེར་གྱི་ལས་ཕྱོད་རང་བཞིན་དང་ཁེ་ལས་དང་མང་ཚོགས་བློ་ཡིད་ཚིམ་ཚད་ལོ་མཇུག་གི་ལས་རྗེས་དཔྱད་ཞིབ་གྱི་གཞི་འཛིན་ས་གཙོ་བོར་བརྩི་བ་དང་། བཏོན་པའི་གནད་དོན་དུས་ཐོག་ཏུ་སྒྲུབ་གཉེར་མ་བྱས་པའི་རིགས་ལ་ཁ་པར་རྒྱག་པའམ་ཡང་ན་སྒྲུབ་སྐུལ་ཡི་གེ་བསྐུར་བ་སོཌ་ཀྱི་བྱ་ཐབས་བརྒྱུད་ལས་དོན་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་བ་རེད། མིག་སྔར་མང་ཚོཌ་ཀྱིས“12345”ཐད་སྦྲེལ་ཁ་པར་ལ་བློ་ཡིད་ཚིམ་ཚད་98.41%ཟིན་ནས་རིམ་བཞིན་མང་ཚོཌ་ཀྱི་སེམས་པ་ཕྱོགས་སར་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།