དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣ་དཀར་རྩེ་རྫོང་གྲམ་མདའ་ཤང་མངགས་གཏོང་ཁང་གིས་ས་བབ་སྨི་5000གི་སར་རོགས་སྐྱོབ་བྱས་ཏེ་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    སྣ་དཀར་རྩེ་རྫོང་གྲམ་མདའ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར“བློ་མཐུན་ཉེན་རྟོག་པ་ལགས། ངས་རླངས་འཁོར་བཏང་སྟེ་གུག་ཆར་སླེབས་སྐབས་ལས་འཛོལ་ཐོན་ནས་དངོས་ཟོག་ཚང་མ་ས་ལ་ལྷུང་སོང་། འགྲོ་འོང་བྱེད་མཁན་རླངས་འཁོར་ཉུང་བ་དང་གནམ་གཤིས་གྲང་ངར་ཆེ་བས་ང་ལ་རོགས་རམ་གནང་རོགས”ཞེས་ཁ་པར་འབྱོར། གནས་ཚུལ་ཤེས་རྟོགས་བྱུང་རྗེས་གྲམ་མདའ་མངགས་གཏོང་ཁང་གིས་འཕྲལ་མར་མི་དམངས་ཉེན་རྟོག་པ་རོགས་སྐྱོབ་བྱེད་པར་བཏང་།

    ས་ཡུལ་དངོས་ལ་སླེབས་རྗེས། མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)ས་རུབ་པའི་རྐྱེན་གྱིས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་མཐོང་ཚད་ལ་སྐྱོན་བརྒྱབ་པ་དང་རླངས་འཁོར་གྱི་མྱུར་ཚད་མགྱོགས་དྲགས་ནས་ཚོད་འཛིན་མ་ཐུབ་པས་ལས་འཛོལ་ཐོན་པ་ཤེས། མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)འཕྲལ་མར་མི་སྣའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་ས་གནས་ས་ཐོག་ཏུ་རྩད་ཞིབ་ཀྱང་བྱས་པ་མ་ཟད། བདེ་འཇགས་བར་ཐག་ལ་དྲན་སྐུལ་གྱི་མཚོན་རྟགས་ཀྱང་བཞག་ནས་འགྲོ་འོང་བྱེད་མཁན་འཁོར་རིགས་ལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    ས་བབ་སྨི་5000ཡོད་པའི་ལུང་རིང་ལའི་མཚན་མོའི་དྲོད་ཚད་ཀླད་ཀོར་འོག་གི་10℃ཙམ་ལ་སླེབས་ཀྱི་ཡོད་པ་རེད། རོགས་སྐྱོབ་མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)གྲང་ངར་ལ་མི་འཛེམས་པར་མི་སྣ་ཁ་འགྲེམས་དང་རླངས་འཁོར་ཤར་གཏོང་ཐུབ་པར་བྱས་པ་དང་ཆུ་ཚོད་གཅིག་ལྷག་ཙམ་འབད་བརྩོན་བྱས་མཐར་རླངས་འཁོར་དེ་བདེ་འཇཌ་ཁུལ་དུ་སྤོས་པ་མ་ཟད། ཟོག་འདྲེན་ཁ་ལོ་བར་དངོས་ཟོག་སྒྲུག་རོགས་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།